མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་ཚོང་རྫས་གྲགས་ཅན་ཀྲིན་ཀྲིག་ནས་མཚམས་སྦྱོར་བྱེད་པའི་ཚོགས་འདུར་ཞུགས་པའི་ཁེ་ལས་པ་དང་འབྲེལ་ཡོད་མི་སྣ་ཕྱིར་ཟི་ལིང་དུ་ཐོན་པ།

རྩོམ་པ་པོ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚོགས་ཡུན་ཉིན་བཞི་ཡིན་པའི་མཚོ་སྔོན་གྱི་ཚོང་རྫས་གྲགས་ཅན་ཀྲིན་ཀྲིག་ནས་མཚམས་སྦྱོར་བྱེད་པའི་ཚོགས་འདུ་ཟླ4བའི་ཚེས29ཉིན་གྲོལ་བ་དང་། མཚོ་སྔོན་ཞིང་ཆེན་གྱི་མཚམས་སྦྱོར་ཚོགས་འདུར་ཞུགས་པའི་ཁེ་ལས་པ་དང་འབྲེལ་ཡོད་མི་སྣ་ཕྱིར་ཟི་ལིང་དུ་ཐོན།

བསྡོམས་རྩིས་བྱས་པ་ལྟར་ན། ཐེངས་འདིའི་ཚོང་རྫས་གྲགས་ཅན་ཀྲིན་ཀྲིག་ནས་མཚམས་སྦྱོར་བྱེད་པའི་ཚོགས་འདུའི་སྟེང་བསྡོམས་པས་ཉོ་ཚོང་ལས་གཞི་རེ་བདུན་ལ་གྲོས་མཐུན་བཀོད་པ་དང་གྲོས་མཐུན་བཀོད་པའི་དངུལ་གྲངས་བསྡོམས་པས་སྒོར་མོ་ཐེར་འབུམ་བདུན་དང་དུང་ཕྱུར་བརྒྱད་ལྷག་ལ་བསླེབས། སྐབས་འདིའི་མཚམས་སྦྱོར་ཚོགས་འདུའི་སྐབས་སུ་མཚོ་སྔོན་ཞིང་ཆེན་གྱི་ཁེ་ལས་གྲགས་ཅན་ང་བརྒྱད་ཀྱིས་ཨ་མེ་རི་ཁ་དང་འཇར་པན། སོ་ཏི་ཨ་རབ། ནེ་པ་ལ། ཞང་ཀང་བཅས་རྒྱལ་ཁབ་དང་ས་ཁུལ་ལྔ། དེ་མིན་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་བཅུ་བཞི་བཅས་ཀྱི་ཁེ་ལས་རེ་དྲུག་བར་ལ་ཉོ་ཚོང་མཉམ་ལས་ཀྱི་གྲོས་མཐུན་བཀོད།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག