མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་ནོར་སྲིད་ཀྱིས་དངུལ་བུན་ལ་བརྟེན་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་དང་ཕྱི་རྒྱལ་སྲིད་གཞུང་གི་དངུལ་བུན་ཧུར་ཐག་སྒོས་བརྩོན་ལེན་བྱས་ནས་མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སུ་གཏོང་བར་རོགས་སྐྱོར་བྱས། 2012ལོའི་ལོ་མཇུག་བར་དུ། མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་སྤྱིའི་དངུལ་ལོར་རྩ་འཛུགས་དང་ཕྱི་རྒྱལ་སྲིད་གཞུང་བར་དངུལ་བུན་ལས་གཞི་ཞེ་གཅིག་བཀོད་པ་དང་། གྲོས་མཐུན་བཀོད་པའི་དངུལ་གྲངས་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་ལྔ་དང་བྱེ་བ་ལྔར་བསླེབས། དངུལ་བུན་དེ་དག་དབུལ་ཕོངས་གསར་སྤེལ་དང་སློབ་གསོ། འཕྲོད་བསྟེན་བཅས་ཕྱོགས་ནས་རིམ་བཞིན་ཆུ་བེད་དང་མཁར་གྲོང་འཛུགས་སྐྲུན། ཁོར་ཡུག་སྲུང་སྐྱོབ། ཁྱད་ཆོས་ཐོན་རྫས་ལས་སྣོན་སོགས་ཁྱབ་ཁོངས་མང་པོར་བཀོལ་སྤྱོད་བྱས།

ད་ལོར། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་རྒྱལ་ཁབ་ཀྱི་སྲིད་ཇུས་ཁ་ཕྱོགས་དང་ཕྱི་རྒྱལ་སྲིད་གཞུང་གི་ཀྲུང་གོའི་ཕྱོགས་ཀྱི་དངུལ་བུན་གྱི་ཁྱད་ཆོས་དང་རོགས་སྐྱོར་བྱེད་ཡུལ་གཙོ་བོར་ཞིབ་འཇུག་བྱེད་པར་ཤུགས་བསྣན་ཏེ། ད་ལྟ་མཚོ་སྔོན་ཞིང་ཆེན་གྱི་ལིག་ཕན་ཧྲན་ས་ཁུལ་གྱི་དབུལ་སྐྱོར་ལས་གཞི་དང་ཟི་ལིང་གྲོང་ཁྱེར་གྱི་གྲོང་ཁྱེར་འགྲིམ་འགྲུལ་དང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་གཞི། ཞིང་ཆེན་མི་དམངས་སྨན་ཁང་གི་སྨན་བཅོས་སྒྲིག་ཆས་ནང་འདྲེན་ལས་གཞི་བཅས་ལ་ནོར་སྲིད་པུའུ་ཡིས་སྲིད་གཞུང་གི་ཕྱི་དངུལ་ལ་བརྟེན་ནས་ལག་བསྟར་བྱེད་པའི་ལས་གཞིའི་ཁྲོད་བཞག་སྟེ། འཛམ་གླིང་དངུལ་ཁང་དང་རྒྱལ་སྤྱིའི་ཞིང་ལས་འཕེལ་རྒྱས་ཐེབས་རྩ། དབྱི་སི་རལ་སྲིད་གཞུང་བཅས་ཀྱི་དངུལ་བུན་ཨ་མེ་རི་ཁའི་སྒོར་མོ་དུང་ཕྱུར་གསུམ་དང་བྱེ་བ་གསུམ་གྱི་རོགས་སྐྱོར་ཐོབ་ཐུབ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག