མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གཞུང་གི་སྒྲིག་ཡིག་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཟི་ལིང་ནས་བསྒྲུབས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 11:20

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་སྲིད་གཞུང་གི་མགོ་ཁྲིད་ལས་བྱེད་པའི་ཁྲིམས་སྐྱོང་བསམ་ཕྱོགས་དང་ཁྲིམས་སྐྱོང་བྱེད་ཐབས་ལ་བརྟེན་ནས་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། འགལ་བ་མེད་པར་གཏོང་བ། བརྟན་འཇགས་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་ནུས་པ་མཐོར་འདེགས་སུ་གཏོང་ཆེད། ཟླ4བའི་ཚེས8ཉིན་ནས་ཚེས26ཉིན་བར། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་སྲིད་གཞུང་ཁྲིམས་ལུགས་གཞུང་སྒྲུབ་ཁང་གཉིས་ཀྱིས་མཉམ་འབྲེལ་སྒོས་ཞིང་ཆེན་སྲིད་གཞུང་གི་སྒྲིག་ཡིག་དང་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་ཆེད་དོན་གསོ་སྦྱོང་འཛིན་གྲྭ་ཐེངས་གསུམ་ལ་བསྒྲུབས། ཁུལ་དང་ས་ཁུལ། གྲོང་ཁྱེར། རྫོང་བཅས་སོ་སོའི་སྲིད་གཞུང་གི་ཁྲིམས་ལུགས་བྱ་བའི་གཙོ་འགན་འཁུར་བའི་མགོ་ཁྲིད་དང་། ཁུལ་དང་ས་ཁུལ། གྲོང་ཁྱེར། རྫོང་བཅས་སོ་སོའི་སྲིད་གཞུང་གི་འབྲེལ་ཡོད་འགན་ཁུར་བློ་མཐུན་བཞི་བརྒྱ་དང་བདུན་ཅུ་གསོ་སྦྱོང་ལ་ཞུགས།

ཐེངས་འདིའི་གསོ་སྦྱོང་གི་ནང་དོན་གཙོ་བོར་གཅིག་ནི་ཁྲིམས་ལུགས་འཛུགས་སྐྲུན་གྱི་གྲུབ་འབྲས་ཞེས་པའི2008ལོའི་ཚུན་ལ་འགྲེམ་སྤེལ་དང་ལག་བསྟར་བྱས་པའི་ཞིང་ཆེན་སྲིད་གཞུང་གི་སྒྲིག་ཡིག་ཉི་ཤུ་དང་། ས་གནས་རང་བཞིན་གྱི་ཁྲིམས་སྲོལ་བཅོ་ལྔ་གཙོ་བོར་བཟང་སྟེ་འགྲེལ་བཤད་བྱས་པ་དང་། གཉིས་ནི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་ཆེད་དོན་ཞེས་པའི་ཁྲིམས་སྐྱོང་སྲིད་གཞུང་འཛུགས་སྐྲུན་བྱེད་པའི་ཁྲོད་ཀྱི་གནད་དོན་གཙོ་བོ་དང་ཇུས་གཞི། སྲིད་དོན་ཡོངས་སྒྲོག སྲིད་གཞུང་གི་ཁྲིམས་འཛུགས་བྱ་བ་ཚད་ལྡན་དུ་གཏོང་བ་སོགས་འབྲེལ་ཡོད་ནང་དོན་རྒྱས་བཤད་བྱས། གསུམ་ནི་ཏང་གཤིས་སློབ་གསོའི་སྐོར་གྱི་ནང་དོན་ཞེས་པའི་ཏང་གི་སློབ་གྲྭའི་སློབ་གསོའི་ཁྱད་ཆོས་དང་རེ་བར་ཟུང་འབྲེལ་བྱས་ནས། མགོ་ཁྲིད་ལས་བྱེད་པའི་སྲིད་སྐྱོང་ཉེན་ཁའི་ཆེད་དོན་འཆད་ཁྲིད་སྤེལ་ཏེ། སྲིད་གཞུང་མགོ་ཁྲིད་ཀྱི་སྤྱོད་གཙང་སྲིད་སྐྱོང་བྱ་བའི་འདུ་ཤེས་དང་ནུས་པ་མཐོར་འདེགས་སུ་གཏོང་རྒྱུ་བཅས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག