མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་གྲོན་འཕར་ཚད་གྲོང་རྡལ་སྡོད་དམངས་ལས་མགྱོགས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-02 10:15

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རོང་འབྲོག་པའི་ཡོང་སྒོ་མགྱོགས་མྱུར་ངང་གོང་དུ་འཕར་བ་དང་། དམངས་ཕན་དང་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་མུ་མཐུད་དུ་ཇེ་མང་ལ་སོང་ཏེ། “རླངས་འཁོར་དང་ཁྱིམ་སྤྱོད་གློག་ཆས་གཞི་རིམ་དུ་བསྐྱོད་པ”སོགས་ནང་མཁོ་རྒྱ་བསྐྱེད་པ་དང་ཞིང་སྡེའི་འཛད་སྤྱོད་ལ་སྐུལ་སྤེལ་གཏོང་བ་དམིགས་ཡུལ་ཡིན་པའི་སྲིད་ཇུས་བྱེད་ཐབས་ཀྱི་ཤུགས་རྐྱེན་ལས། མཚོ་སྔོན་ཞིང་ཆེན་གྱི་ཞིང་སྡེའི་སྡོད་དམངས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་གྲོན་མགྱོགས་མྱུར་ངང་གོང་དུ་འཕར་ལ། འཚོ་བའི་འཛད་སྤྱོད་འགྲོ་གྲོན་འཕར་ཚད་དེ་གྲོང་རྡལ་སྡོད་དམངས་ཀྱི་འཛད་སྤྱོད་རང་བཞིན་གྱི་འགྲོ་གྲོན་འཕར་ཚད་ལས་མགྱོགས་པ་རེད།

རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གིས་སྤྱི་ཟླ3པའི་ཟླ་མཇུག་ཏུ་སྤེལ་བའི་བརྟག་བཤེར་ལས་མཚོན་པ་ལྟར་ན། 2012ལོར་ཞིང་ཆེན་ཡོངས་ཀྱི་ཞིང་སྡེའི་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་འགྲོ་གྲོན་སྒོར5338.94ལ་སླེབས་པ་དང་། དེ2007ལོ་ལས་ལྡབ1.16འཕར་ཞིང་། ལོ་རེའི་འཕར་ཚད16.61%ལ་སླེབས། ཞིང་ཆེན་ཡོངས་ཀྱི་གྲོང་རྡལ་སྡོད་དམངས་ཀྱི་མི་རེའི་ཆ་སྙོམས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་གྲོན་སྒོར12346.29ཡིན་པ་དང་། དེ2007ལོ་ལས64.35%འཕར་ཞིང་། ལོ་རེའི་འཕར་ཚད10.45%ལ་སླེབས་ཡོད། ཞིང་སྡེའི་སྡོད་དམངས་ཀྱི་འཚོ་བའི་འཛད་སྤྱོད་འགྲོ་གྲོན་འཕར་ཚད་དེ་གྲོང་རྡལ་སྡོད་དམངས་ཀྱི་འཕར་ཚད་ལས་བརྒྱ་ཆའི་ཆ6.16གི་མཐོ་བ་མ་ཟད། བསྟུད་མར་ལོ་ལྔ་རིང་འཕར་ཚད་གྲོང་རྡལ་སྡོད་དམངས་ཀྱི་འཚོ་བའི་འཛད་སྤྱོད་རང་བཞིན་གྱི་འགྲོ་གྲོན་འཕར་ཚད་ལས་མགྱོགས་པ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག