མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱི་རྨོ་བསྐྱུར་ཁུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་མ་ཡིན་པའི་འགྲོ་གྲོན27.53%འཕར་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-05-02 10:13

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་སྡོམ་རྩིས་ཅུའུ་མཚོ་སྔོན་སྤྱི་ཁྱབ་བརྟག་བཤེར་རུ་ཁག་གིས་ཉེ་ལམ་ཞིང་ཆེན་ཡོངས་ཀྱི་རྨོ་བསྐྱུར་ནགས་སྐྱོང་བརྟག་དཔྱད་ཚད་ལེན་རྫོང15ཡི་རྨོ་བསྐྱུར་རོང་འབྲོག་ཁྱིམ་ཚང900ལ་དཔེ་འཐེན་བརྟག་བཤེར་བྱས་པའི་རྒྱུ་ཆ་ལས་མཚོན་པ་ལྟར་ན། 2012ལོར་རྨོ་བསྐྱུར་ཁུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་འཚོ་བའི་འཛད་སྤྱོད་མ་ཡིན་པའི་འགྲོ་གྲོན་སྒོར1913.83ལ་སླེབས་པ་དང་། དེ་ལོ་སྔོན་མའི་དུས་མཉམ་ལས27.53%འཕར་ཡོད།

2012ལོར། མཚོ་སྔོན་གྱི་རྨོ་བསྐྱུར་ཁུལ་གྱི་རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཁྱིམ་ཚང་བདག་གཉེར་རང་བཞིན་གྱི་འགྲོ་གྲོན་སྒོར1430.79ལ་སླེབས་པ་དང་། དེ་ལོ་སྔོན་མའི་དུས་མཉམ་ལས་སྒོར378.93ཇེ་མང་དུ་སོང་ཞིང36.02%འཕར་ཡོད། ཐོན་ལས་དང་པོའི་ཐོན་སྐྱེད་འགྲོ་སོང་འཕར་ཚད་མངོན་གསལ་ཡིན་ལ། ལྷག་པར་དུ་ཕྱུགས་ལས་ཐོན་སྐྱེད་ཀྱི་འགྲོ་སོང་འཕར་ཚད་ཤིན་ཏུ་མགྱོགས་ལ། རྨོ་བསྐྱུར་རོང་འབྲོག་པ་མི་རེའི་ཆ་སྙོམས་ཀྱི་ཐོན་ལས་དང་པོའི་ཐོན་སྐྱེད་འགྲོ་སོང་སྒོར1002.69དང་དུས་མཉམ་ལས34.61%འཕར་ཡོད། ཕྱུགས་ལས་ཐོན་སྐྱེད་འགྲོ་སོང་ཚད་མཐོན་པོས་གོང་དུ་འཕར་ལ། གཙོ་བོ་ནི་ཕྱུགས་ཟོག་གི་རིན་གོང་ཇེ་མཐོར་སོང་བ་ལས་ཤུགས་རྐྱེན་ཐེབས་པ་རེད། ཐོན་ལས་གཉིས་པའི་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེད་འགྲོ་སོང་སྒོར50.15དང་དུས་མཉམ་ལས19.89%འཕར་ཡོད། ཐོན་ལས་གསུམ་པའི་མི་རེའི་ཆ་སྙོམས་ཀྱི་ཐོན་སྐྱེན་འགྲོ་སོང་སྒོར377.94དང42.54%འཕར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག