མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དབྱི་སི་ལན་གྱི་ཟས་རིགས་དང་མཁོ་རྫས་འགྲེམ་སྟོན་ཚོགས་འདུ་འགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-05-02 10:12

ཀྲུང་གོའི་ཚོང་བ་ཞིག་གིས་དབྱི་རག་གི་འགྲེམ་སྟོན་མི་སྣ་དང་གྲོས་མོལ་བྱེད་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས30ཉིན། 2013ལོའི་ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དབྱི་སི་ལན་གྱི་ཟས་རིགས་དང་མཁོ་རྫས་འགྲེམ་སྟོན་ཚོགས་འདུ་འགོ་བརྩམས། རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲེམ་སྟོན་ཚོགས་འདུ་ལ་རྒྱལ་ཁབ་དང་ས་ཁུལ50དང་རྒྱལ་ནང་གི་ཞིང་ཆེན་དང་གྲོང་ཁྱེར་ལྗོངས་བཅས31ནས་ཡོང་བའི་ཚོང་བ3000ལྷག་ཞུགས་ཡོད།

    ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་དབྱི་སི་ལན་གྱི་ཟས་རིགས་དང་མཁོ་རྫས་འགྲེམ་སྟོན་ཚོགས་འདུ་དེ་ཐེངས་དྲུག་ལ་སྤེལ་བ་དང་། ལོ་རེ་བཞིན་གཞི་ཁྱོན་ཇེ་ཆེར་འགྲོ་བཞིན་ཡོད་པས། དེང་སྐབས་རྒྱལ་སྤྱི་ཐོག་མཚན་སྙན་ཆེ་བའི་དབྱི་སི་ལན་གྱི་ཟས་རིགས་དང་མཁོ་རྫས་འགྲེམ་སྟོན་ཚོགས་འདུ་ཞིག་ཏུ་གྱུར་ཡོད། །

ལྟད་མོ་བས་ཐུར་ཁེའི་ཟས་རིགས་ལ་རོལ་མྱོང་བྱེད་བཞིན་པ།

ལྟད་མོ་བས་དབྱི་རག་གི་ཟས་རིགས་འདེམ་བཞིན་པ།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག