མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

རྨ་ལྷོ་ཁུལ་གཅན་ཚ་རྫོང་གིས་བརྟན་འཇགས་རྒྱུ་ནོར་ཐད་ལ་མ་དངུལ་སྒོར་ཐེར་འབུམ་གཅིག་བཏང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-05-02 10:11

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ལས་གཞི་དེ་ཐོན་ཚད་འཕར་བར་ཁག་ཐེག་བྱེད་པ་དང་འཕེལ་རྒྱས་ལ་ཡར་སྐུལ་གཏོང་བའི་བྱེད་ཐབས་གཙོ་བོ་ཞིག་ཏུ་བརྩིས་ཏེ། ལས་གཞི་ཐད་ཀྱི་དངུལ་གཏོང་ཤུགས་ཚད་ཇེ་ཆེར་གཏོང་བ་དང་། ལས་གཞི་འབྲེལ་མཐུད་དང་བརྩོན་ལེན་བྱེད་པར་ཤུགས་བསྣོན་པ། ལས་གཞི་ལག་བསྟར་ནན་མོ་བཅས་བྱས་ཏེ། མཁར་གྲོང་གི་རྨང་གཞིའི་སྒྲིག་ཆས་དང་ཞིང་ཕྱུགས་ལས་དང་ཆུ་བེད། སྐྱེ་ཁམས་སྲུང་སྐྱོབ་བཅས་རིགས་ཆེན་པོ་བརྒྱད་ཀྱི་ལས་གཞི་བརྒྱ་དང་ཉེར་གསུམ་གཏན་འཁེལ་དང་ཡར་ཞུ་བྱས་ཏེ། བསྡོམས་པས་མ་དངུལ་སྒོར་ཐེམ་འབུམ་གཉིས་དང་དུང་ཕྱུར་བརྒྱད་ས་ཡ་དྲུག་འབུམ་གཉིས་བཏང་། ལས་གཞིའི་དུས་རིམ་སྔོན་མའི་འགྲོ་གྲོན་སྒོར་ས་ཡ་གཅིག་དང་འབུམ་ལྔ་ཁྲི་གཉིས་དོན་ཐོག་ཏུ་འཁྱོལ་བར་བྱས་ནས། ལས་གཞི་གལ་ཆེན་དང་ལས་གཞི་གཙོ་བོའི་དུས་རིམ་སྔོན་མའི་བྱ་བ་བདེ་བླག་ངང་བསྒྲུབ་པར་ཁག་ཐེག་བྱས། དེ་དང་མཉམ་དུ་རྫོང་རིམ་པའི་མགོ་ཁྲིད་ལས་བྱེད་པས་ལས་གཞི་གལ་ཆེན་དང་ལས་གཞི་གཙོ་བོར་འབྲེལ་འདྲིས་བྱེད་པའི་འགན་འཁྲི་ལམ་ལུགས་ལག་བསྟར་ནན་མོ་བྱས་པ་དང་། ལས་གཞི་ཡར་ཞུ་དང་བརྩོན་ལེན། དངོས་འབེབ། མཐུན་སྦྱོར་བཅས་ཀྱི་བྱ་བ་བཟང་བོར་བསྒྲུབས། ན་ནིང་རྫོང་ཡོངས་སུ་འཛུགས་སྐྲུན་བྱེད་མགོ་བརྩམས་པའི་ལས་གཞི་བརྒྱ་དང་དགུ་ཅུ་ཡོད་པ་དང་། དེའི་ནང་གི་ལས་གཞི་བརྒྱ་དང་བཅུ་ལས་ནས་གྲུབ་ཚར། བརྟན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་ཐེར་འབུམ་གཅིག་དང་དུང་ཕྱུར་གཉིས་བྱེ་བ་བདུན་ལྷག་བཏང་སྟེ། ལོ་སྔོན་མ་ལས་བརྒྱ་ཆའི་ཞེ་དགུ་དང་གྲངས་ཆུང་ལྔ་དགུ་འཕར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག