མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་ཁུལ་བོད་རིགས་རང་སྐྱོང་ཁུལ་ཁྲི་ཀ་རྫོང་དུ་འབྲིང་ཆུང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ་བ། སྤེལ་དུས།

    2013-04-30 11:24

               ཁྲི་ཀ་རྫོང་དུ་འབྲིང་ཆུང་སློབ་མའི་རྩོམ་ཡིག་འགྲན་བསྡུར་གྱི་གཟེངས་བསྟོད་ཚོགས་འདུ་བསྡུས་པ།

  ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་སྔོན། སློབ་མའི་སྐད་ཡིག་སློབ་སྦྱོང་གི་འདུན་མ་དང་རྩོམ་འབྲིའི་ཆུ་ཚད་མཐོར་འདེགས་གཏོང་ཆེད། མཚོ་སྔོན་ཅིན་ཅེ་ཇུས་འགོད་ལས་འཚོང་ཀུང་ཟིས་ཆེད་དུ་མ་དངུལ་བཏང་བ་དང་། ཁྲི་ཀ་རྫོང་རྩོམ་རིག་སྒྱུ་རྩལ་མཉམ་འབྲེལ་ལྷན་ཚོགས་དང་། ཁྲི་ཀ་རྫོང་སློབ་གསོ་ཅུའུ། ཁྲི་ཀ་རྫོང་གཞོན་སྐྱེས་སློབ་མའི་སློབ་ཕྱིའི་བྱ་འགུལ་ལྟེ་གནས་བཅས་ཀྱིས་མཉམ་འབྲེལ་སྒོས་འབྲིང་ཆུང་སློབ་མའི་རྩོམ་རིག་འགྲན་བསྡུར་གྱི་བྱ་འགུལ་སྤེལ། ཐེངས་འདིའི་རྩོམ་ཡིག་འགྲན་བསྡུར་གྱི་ནང་དོན་གཙོ་བོ་ནི་ཕ་ཡུལ་ལ་བཅིངས་པའི་བརྩེ་སེམས་བརྗོད་ཅིང་། ལོ་བཅུའི་རྗེས་སུ་ཕ་ཡུལ་ལ་འབྱུང་ངེས་པའི་འགྱུར་ལྡོག་དང་དྲིན་མཇལ་བརྗོད་དོན་དུ་བཟུང་བ་ཡོད། མཚོ་ལྷོ་ཁུལ་མཐོ་འབྲིང་གཉིས་པ་དང་། མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ། དེ་མིན་རྫོང་ཐད་གཏོགས་ཀྱི་སློབ་གྲྭ་བདུན་གྱི་སློབ་མ་ཐེངས་འདིའི་འགྲན་བསྡུར་དུ་ཞུགས་པ་དང་། བསྡོམས་པས་འགྲན་ཞུགས་རྩོམ་ཡིག་བརྒྱད་བརྒྱ་དང་གྱ་་ལྔ་བསྡུ་ཐུབ་པ་བྱུང་སྟེ། དེའི་ནང་དུ་་བོད་ཡིག་གི་རྩོམ་ཡིག་བརྒྱ་དང་དོན་ལྔ་དང་། དབྱིན་ཡིག་གི་རྩོམ་ཡིག་བརྒྱ་དང་ཉེར་ལྔ་ཡོད། རྩོམ་ཡིག་འགྲན་བསྡུར་དཔྱད་འཇོག་པས་དཔྱད་བཤེར་བྱས་པ་བརྒྱུད། བསྡོམས་པས་རྩོམ་ཡིག་གྱ་ལྔ་ལ་བྱ་དགའ་ཐོབ། ཁྲིད་སྟོན་དགེ་རྒན་བཞི་བཅུ་ཞེ་གཉིས་ལ་་བྱ་དགའ་ཐོབ་པར་མ་ཟད་ཟླ་བཞི་བའི་ཚེས་ཉེར་བདུན་ཉིན་གྱི་ཕྱི་དྲོར་མཚོ་ལྷོ་ཁུལ་མི་རིགས་མཐོ་འབྲིང་གཉིས་པ་ནས་་བྱ་དགའ་གནང་བའི་མཛད་སྒོ་བསྡུས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག