མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུའུ་ཧྲུའུ་རུ་ཆན་ཧྥུའུ་སུམ་བརྒྱ་དང་སུམ་ཅའི་དྲ་འབྲེལ་ལས་གཞི་ཕྱོགས་ཡོངས་སུ་ལེགས་འགྲུབ་བྱུང་།

    2013-04-30 11:24

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་རྒྱལ་ཁབ་གློག་དྲ་མཚོ་སྔོན་ཞིང་ཆེན་གློག་ཤུགས་ཀུང་སི་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཟླ་བཞི་བའི་ཚེས་ཉེར་བདུན་གྱི་དུས་ཚོད་བཅོ་བརྒྱད་ཀྱི་སྟེང་། རྒྱལ་ཁབ་གློག་དྲ་ཡིས་ཡུའུ་ཧྲུའུ་རུ་ཆན་ཧྥུའུ་སུམ་བརྒྱ་དང་སུམ་ཅའི་དྲ་འབྲེལ་ལས་གཞི་བྱ་བ་སྔོན་གྱི་འཆར་གཞི་དང་བསྡུར་ན་ཉིན་བཅོ་བརྒྱད་ཀྱི་སྔོན་དུ་འགྲུབ ། ཡུའུ་ཧྲུའུ་གློག་ཤུགས་དྲ་འབྲེལ་སྐུད་ལམ་ལས་གཞིའི་སྤྱིའི་མ་དངུལ་གཏོང་ཚད་ཐེར་འབུམ་གཉིས་དང་དུང་ཕྱུར་བཞི་བྱེ་བ་དྲུག་ས་ཡ་དགུ་བཏང་། ཞིན་ཧེ་རྫོང་གི་ཐང་ནག་གློག་བསྒྱུར་ས་ཚིགས་ནས་འགོ་བརྩམས་ཏེ་རྨ་སྟོད་གློག་སྒོ་ས་ཚིགས་བརྒྱུད་དེ་ཡུའུ་ཧྲུའུ་རུ་མཐུད། སྐུད་ལམ་གྱི་སྤྱིའི་རིང་ཚད་ལ་སྤྱི་ལེ་ལྔ་བརྒྱ་དང་གྱ་གསུམ་ཡོད་པ་དང་། དེ་ནི་རྒྱལ་ཁབ་གློག་དྲ་ཀུང་སིས་ཡུའུ་ཧྲུའུ་བསྐྱར་འཛུགས་སུ་རོགས་སྐྱོར་དང་བོད་ཁུལ་འཕེལ་རྒྱས་ལ་ཞབས་ཞུ་བྱེད་པའི་ལས་གཞི་གཙོ་བོ་ཞིག་ཡིན། མིག་སྔར་ཡུའུ་ཧྲུའུ་དྲ་འབྲེལ་ལས་གཞིའི་སྐུད་ལམ་ཕྱོགས་ཡོངས་སུ་མཐུད་ཚར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག