མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཕེན་ཨན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ལ་སྒོར་མོ་འབུམ་ལྔ་དང་ཁྲི་བཞི་ལྷག་ཞལ་འདེབས་ཕུལ་བ།

    2013-04-30 11:04

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་གྱི་ལུའུ་ཧྲན་རྫོང་དུ་ས་འགུལ་བརྒྱུགས་རྗེས། མཚོ་སྔོན་ཞིང་ཆེན་ཕེན་ཨན་རྫོང་ཏང་ཨུ་དང་སྲིད་གཞུང་གིས་མྱུར་དུ་རྫོང་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་དང་ལས་བཟོ་བས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་འབུལ་དགོས་བའི་འབོད་སྐུལ་བཏང་བར་མ་ཟད། དུས་ཐོག་ཏུ་སྤྱི་ཚོགས་ཀྱི་ལས་རིགས་སོ་སོར་ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་མང་བས་རོགས་སྐྱོར་བྱས་ནས། གཡག་རྔའི་ས་འགུལ་གནོད་ཐེབས་ས་ཁུལ་ལ་གཅེས་སེམས་འབུལ་དགོས་པའི་གྲོས་འདོན་ཡི་གེ་བཀྲམས། ཕེན་ཨན་རྫོང་གི་ཏང་སྲིད་ལས་ཁུངས་དང་སྤྱི་ཚོགས་ཚོགས་པ། གཅེས་སེམས་འབུལ་བའི་མི་སྣ། སློབ་མ་སོགས་ཀྱིས་འཕྲོ་རིམ་འཕྲོར་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་སྒོར་མོ་སོགས་ཞལ་འདེབས་ཕུལ་ནས། ས་འགུལ་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་ཐུགས་ཁུར་གནང་བ་མཚོན་པར་བྱས། ཚེས་ཉེར་དྲུག་ཉིན་བར་དུ་ཞལ་འདེབས་ཕུལ་བའི་སྒོར་མོ་འབུམ་ལྔ་དང་ཁྲི་བཞི་ལྷག་འབྱོར་བ་དང་། སྒོར་མོ་དེ་མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱིའི་ཚོགས་པ་བརྒྱུད་ནས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ལ་བྱིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག