མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་ས་འགུལ་རྟོག་དཔྱོད་ཅུའུ་ཡི་ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་གྱི་གནོད་འཚེ་ས་ཁུལ་གྱི་ཡུལ་དངོས་སུ་སོང་བའི་བྱ་བའི་རུ་ཁག་གི་རུ་དཔོན་ཞུའུ་ཁྲོན་ཅེ་ཡིས་གནོད་འཚེ་ས་ཁུལ་གྱི་ཡུལ་དངོས་སུ་སོང་ནས་རོགས་སྐྱོར་བྱ་བ་བསྒྲུབ་པའི་གནས་ཚུལ་ཡར་ཞུ་བྱས་པ།

    2013-04-30 11:03

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས་ཉེར་བརྒྱད་ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་ས་འགུལ་རྟོག་དཔྱོད་ཅུའུ་ཡི་ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་གྱི་གནོད་འཚེ་ས་ཁུལ་གྱི་ཡུལ་དངོས་སུ་སོང་བའི་བྱ་བའི་རུ་ཁག་གི་རུ་དཔོན་ཞུའུ་ཁྲོན་ཅེ་ཡིས་གནོད་འཚེ་ས་ཁུལ་གྱི་ཡུལ་དངོས་སུ་སོང་ནས་ཉིན་མཚན་མེད་པར་རོགས་སྐྱོར་བྱ་བ་བསྒྲུབས་པའི་གནས་ཚུལ་ཡར་ཞུ་བྱས། ཞུའུ་ཁྲོན་ཅེ་ཡིས་མཚམས་སྦྱོར་བྱས་དོན། སྐབས་དེར་རྒྱལ་ཡོངས་ཀྱི་བྱ་བའི་རུ་ཁག་དང་རྒུད་སྐྱོབ་རུ་ཁག་མང་ཆེ་ཤོས་ཁྲིན་ཏུའུ་གྲོང་ཁྱེར་ལ་ཐོན་པ་དང་། དེ་ནས་ལྷོ་ཕྱོགས་ནས་བྱང་ཕྱོགས་སུ་བརྒྱུད་དེ་ལུའུ་ཧྲན་རྫོང་སོགས་གནོད་འཚེ་ས་ཁུལ་དུ་ཐོན། ཡིན་ནའང་ལུའུ་ཧྲན་རྫོང་གི་བྱང་ཕྱོགས་ནས་པོ་ཞིན་རྫོང་བར་གྱི་འགྲིམ་འགྲུལ་ལ་ས་འགུལ་ལས་གཏོར་བརླག་ཚབས་ཆེན་ཐེབས། བྱང་ཕྱོགས་ནས་ཟི་ཁྲོན་དུ་བསྐྱོད་པའི་མཚོ་སྔོན་གྱི་བྱ་བའི་རུ་ཁག་དང་ཀན་སུའུ་ཞིང་ཆེན་གྱི་བྱ་བའི་རུ་ཁག་གཉིས་ཀྱིས་ས་ཆ་དེའི་ས་འགུལ་རྟོག་ཞིབ་བྱ་བ་དང་དུ་བླངས་ནས། ས་འགུལ་ལས་གཏོར་བརླག་ཐེབས་པའི་བགྲོད་ལམ་ཉིན་མཚན་མེད་པར་ལས་ནས། གནོད་འཚེ་ས་ཁུལ་ལ་དངོས་རྫས་སོགས་སྐྱེལ་དཀའ་བའི་གནད་དོན་མྱུར་དུ་ཐག་བཅད་དེ། ཉིན་དེར་རྒྱལ་ཡོངས་ཀྱི་ས་འགུལ་ཁོངས་གཏོགས་ཁྲོད་དུ་པོ་ཞིན་རྫོང་མངའ་ཁོངས་སུ་བྱ་བའི་རུ་ཁག་གིས་སྤེལ་བའི་དཔུང་སྡེ་གཅིག་པུར་གྱུར་བ་མ་ཟད། ཀྲུང་གོ་ས་འགུལ་རྟོག་དཔྱོད་ཅུའུ་འཕྲལ་སྒྲུབ་བཀོད་འདོམས་པུའུ་ཡིས་བྱང་ཕྱོགས་ནས་ལྷོ་ཕྱོགས་ཀྱི་གནོད་འཚེ་ས་ཁུལ་དུ་བསྐྱོད་དེ་བྱ་བ་བསྒྲུབ་པའི་ཛ་དྲག་གི་ལས་འགན་ཡོངས་འགྲུབ་བྱས་ཟེར། ཞུའུ་ཁྲོན་ཅེ་ཡིས་གསར་འགོད་པར་བཤད་རྒྱུར། རེབ་འདིར་ཟི་ཁྲོན་ཞིང་ཆེན་པའོ་ཞིན་རྫོང་སོགས་ས་འགུལ་གནོད་འཚེ་ས་ཁུལ་ནས་ཚན་རིག་ལྟར་དཔྱད་འཇོག་བྱས་ནས། ས་དེའི་ས་འགུལ་རྗེས་ཀྱི་བསྐྱར་འཛུགས་བྱ་བར་གཞི་འཛིན་ས་འདོན་སྤྲོད་བྱས་པའི་ཞོར་དུ། མཚོ་སྔོན་ཞིང་ཆེན་གྱི་ས་འགུལ་གནོད་འཚེ་སེལ་པ་དང་གནོད་འཚེ་ཇེ་ཉུང་དུ་གཏོང་བའི་བྱ་བར་ཉམས་མྱོང་བཟང་བོ་བསགས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག