མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན“སྲིད་ཁྲིམས་དཔོན་ཕྱོགས”ཀྱི་པོད་འཕྲིན་དངོས་སུ་བཀོལ་སྤྱོད་བྱེད་མགོ་བརྩམས་པ་དང་། ཝང་ལིན་ཅོན་མཛད་སྒོར་ཞུགས་ནས་གཏམ་བཤད་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-30 09:45

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།སྤྱི་ཟླ་བཞི་བའི་ཚེས་ཉེར་དྲུག་ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས“མཚོ་སྔོན་གྱི་ཡུན་རིང་བདེ་འཇགས་དྲ་བ”འཁོར་སྐྱོད་བྱས་ནས་ལོ་འཁོར་ལྔ་འགོར་བའི་བཞུགས་མོལ་ཚོགས་འདུ་བསྡུས་པར་མ་ཟད། མཚོ་སྔོན“སྲིད་ཁྲིམས་དཔོན་ཕྱོགས”ཀྱི་པོད་འཕྲིན་བཀོལ་སྤྱོད་བྱེད་མགོ་རྩོམ་པའི་མཛད་སྒོ་བསྡུས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཅོན་དང་། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཝང་ཞའོ་ཡོན་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྲོས་ཚོགས་སུ་ཞུགས། ཝང་ལིན་ཅོན་གྱིས་གྲོས་ཚོགས་སྟེང་གཏམ་བཤད།

    ཝང་ལིན་ཅོན་གྱིས་ནན་གྱིས་བསྟན་དོན། མཚོ་སྔོན“སྲིད་ཁྲིམས་དཔོན་ཕྱོགས”ཀྱི་པོད་འཕྲིན་བརྒྱུད་ནས་དྲང་ཕྱོགས་ཀྱི་དྲིལ་སྒྲོག་ནུས་པ་འདོན་སྤེལ་བཟང་བོ་བྱས་ཏེ་དབང་ཤུགས་་ལྡན་པའི་ཆ་འཕྲིན་དང་ལྟ་ཚུལ་ཡང་དག་པ། སྣང་བརྙན་ངོ་མ་བཅས་རྒྱ་ཆེའི་དྲ་དམངས་དང་རྒྱ་ཆའི་མང་ཚོགས་ལ་ངོམས་པར་བྱེད་དགོས་པ་དང་། མང་ཚོགས་ལ་ཞབས་ཞུ་བསྒྲུབ་པའི་ཁྲོད་མང་ཚོགས་ཀྱི་སྣེ་ཁྲིད་དགོས་ལ། མང་ཚོགས་དང་ཕན་ཚུན་འབྲེལ་འདྲིས་བྱེད་པའི་ཁྲོད་མང་ཚོགས་ལ་ཁེ་ཕན་ཐོབ་ཏུ་བཅུག་སྟེ་མང་ཚོགས་ཀྱི་ཤེས་རྟོགས་དབང་ཆ་དང་ཟབ་ཞུགས་དབང་ཆ། ལྟ་རྟོག་དབང་ཆ་བཅས་ལ་འགན་སྲུང་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག