མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱི་དམག་ཁུངས་ནས་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་ཟི་ལིང་ནས་ཚོགས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-30 09:45

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་གྱི་དམག་ཁུངས་ནས་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་པའི་གྲོས་ཚོགས་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་ཚོགས། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། རྩ་འཛུགས་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་དམག་ཁུངས་ནས་ཕྱིར་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཆི་ཡུས་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད། ཧྲིན་ཀྲང་གཞོན་པ་ཡན་ཅིན་ཧེ་དང་། ཞིང་ཆེན་དམག་ཁུལ་གྱི་ཆབ་སྲིད་ཨུ་ཡོན། ཞིང་ཆེན་དམག་ཁུལ་གྱི་དམག་ཁུངས་ནས་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་པའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཚོས་ཁྲང་དབྱིན་གཉིས་གྲོས་ཚོགས་སུ་ཞུགས།

    ཆི་ཡུས་ཀྱིས་བསྟན་དོན། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་གྱིས་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་བཅས་ཀྱིས་དམག་ཁུངས་ནས་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་དགོས་པའི་སྐོར་གྱི་བྱེད་ཕྱོགས་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་དང་དངོས་འབེབས་བཟང་བོ་བྱས་ནས། རྒྱལ་སྲུང་དང་དམག་དཔུང་གི་དེང་རབས་ཅན་འཛུགས་སྐྲུན་བྱེད་པའི་བྱ་བར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་ས་ཁུལ་གསུམ་འཛུགས་སྐྲུན་བྱེད་པ་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ། འཚོ་བ་གསར་བ་གསར་བསྐྲུན་བྱེད་པའི་དམིགས་འབེན་འཐབ་ཇུས་ལ་ཡར་སྐུལ་བྱེད་པའི་ཚད་མཐོན་པོ་ནས་མགོ་བརྩམས་ཏེ། དམག་ཁུངས་ནས་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་པའི་བྱ་བ་བཟང་བོར་བསྒྲུབ་པའི་ཆབ་སྲིད་ཀྱི་འགན་འཁུར་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཚད་ངེས་ཅན་ཞིག་ནས་དམག་ཁུངས་ནས་བུད་པའི་དམག་མིིའི་ཤེས་ལྡན་མི་སྣའི་ཐོན་ཁུངས་གསར་སྤེལ་བཟང་བོ་དང་། བཀོད་སྒྲིག་བཟང་བོ། བེད་སྤྱོད་བཟང་བོ་བཅས་བྱེད་དགོས་ཟེར།

    ཁོས་ནན་གྱིས་བསྟན་དོན། དམག་ཁུངས་ནས་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་རྒྱུ་ནི་གཟབ་ནན་གྱི་ཆབ་སྲིད་ལས་འགན་ཞིག་ཡིན་པས། ངེས་པར་དུ་ཆབ་སྲིད་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས། ཆབ་སྲིད་ཀྱི་སྒྲིག་ལམ་བརྩི་སྲུང་བྱེད་དགོས་པ་དང་། ལག་བསྟར་བྱས་པའི་ལས་འགན་ཡོངས་འགྲུབ་བྱེད་པ། བྱ་བའི་སྒྲིག་ལམ་ལག་བསྟར་ནན་མོ་བྱས་ནས། བྱ་བ་སྒྲུབ་ཕྱོགས་དང་བྱ་བའི་ཁོར་ཡུག་ཇེ་བཟང་དུ་བཏང་ནས། དམག་ཁུངས་ནས་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་པའི་ཁྲོད་ཀྱི་ཚུལ་དང་མི་མཐུན་པའི་བྱ་སྤྱོད་བསྒྱུར་ཏེ། དམག་ཁུངས་ནས་བུད་པའི་དམག་མིར་བྱ་བ་བཀོད་སྒྲིག་བྱེད་སྐབས་ཀྱི་སྣང་བརྙན་བཟང་བོ་སྲུང་སྐྱོང་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག