མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་ལྔ་གཅིག་དུས་ཆེན་སྐབས་ཀྱི་ཚོང་རའི་ཞིབ་བཤེར་བྱ་བར་ཤུགས་བསྣན་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-30 09:44

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། “ལྔ་གཅིག”རྒྱལ་སྤྱིའི་ངལ་རྩལ་དུས་ཆེན་སྐབས་ཀྱི་གནས་སྐོར་ཚོང་རའི་དོ་དམ་བྱ་བར་ཤུགས་སྣོན་ཆེད། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་ཞིང་ཆེན་དང་གྲོང་ཁྱེར། ཁུལ་བཅས་ཀྱི་གནས་སྐོར་རྒྱུ་སྤུས་ལྟ་ཞིབ་སྡེ་ཁག་གིས“དཔལ་ཡོན་ལྡན་པའི་སྒོ་ནས་གནས་སྐོར་བྱེད་པ་དང་། ཡིད་ཆེས་ཀྱི་སྒོ་ནས་ཚོང་གཉེར་བ”བཅས་ཀྱི་དྲིལ་སྒྲོག་ཟླ་བ་དང་ཉིས་སྟོང་བཅུ་གསུམ་ལོའི་གནས་སྐོར་ཚོང་རའི་ཞིབ་བཤེར་གཟའ་འཁོར་བྱ་འགུལ་ཐེངས་དང་པོ་སྤེལ།

རེབ་འདིའི་ཞིབ་བཤེར་བྱ་བ་བཟང་བོར་བསྒྲུབ་ཆེད། མཚོ་སྔོན་ཞིང་ཆེན་གནས་སྐོར་ཅུའུ་ཡིས་རྫོང་དང་གྲོང་ཁྱེར་དང་། ས་ཁུལ་སོ་སོའི་གནས་སྐོར་ཅུའུ་དང་། གནས་སྐོར་ཁེ་ལས་སོ་སོས་ནན་ཏན་སྒོས“ལས་གནས་གཅིག་ལ་འགན་འཁུར་གཉིས”ཡོད་པའི་ལམ་ལུགས་ལག་བསྟར་བཟང་བོ་བྱས་ནས། གནས་སྐོར་ཁང་དང་གནས་སྐོར་སྣེ་ཤན་པའི་མི་སྣའི་ལྟ་སྐུལ་དོ་དམ་བྱ་བར་ཤུགས་སྣོན་དགོས་པ་དང་། གནས་སྐོར་ས་ཁུལ་གྱི་ཁོར་ཡུག་དང་བདེ་འཇགས་དོ་དམ་བྱ་བར་ཤུགས་སྣོན་པ། གནས་སྐོར་འགྲིམ་འགྲུལ་སྒྲིག་ལམ་དང་དེ་མིན་གནས་སྐོར་རླངས་འཁོར་ལ་ལྟ་ཞིབ་དོ་དམ་བྱ་བར་ཤུགས་སྣོན་དགོས་པ་དང་། མགྲོན་ཁང་གི་ཟ་ཁང་གན་རྒྱའི་ལག་བསྟར་གནས་ཚུལ་དང་བཟང་བཏུང་འཕྲོད་བསྟེན་བྱ་བར་ཞིབ་བཤེར་དང་ལྟ་ཞིབ་དོ་དམ་ནན་མོ་བཅས་བྱས་ནས། གནས་སྐོར་ས་ཁུལ་ཐར་ཐོར་ཡིན་པ་དང་བདེ་འཇགས་དང་འགྲིམ་འགྲུལ་སྒྲིག་ལམ་དོ་དམ་བྱ་བ་སོགས་ལ་ཤུགས་སྣོན་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག