མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ཧོས་ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ཧའོ་ཕུན་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལ་བདམས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-30 09:43

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ་བཞི་བའི་ཚེས་ཉེར་བརྒྱད་ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པ་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་བསྡུས། ལོ་ཧོས་ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ཧའོ་ཕུན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས།

ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ལོ་ཧོས་ཉིན་དང་ཆི་ཡུས། མུའུ་ཏུང་ཧྲིན། ཧྲིན་ཧི། དབང་མོ། ཚའོ་བུན་ཧུའུ། མཱ་ཝེ། ཚའོ་ཧུང་། ཚེ་ཏི་ཀོས་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་དུ་བསྡད་ཡོད།

མུའུ་ཏུང་ཧྲིན་གྱིས་སྔ་དྲོའི་མགོ་རྩོམ་པའི་ཚོགས་ཆེན་ལ་མགོ་འཛིན་བྱས། ཚོགས་ཆེན་སྟེང་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་བརྒྱད་ཡིན་ལ། དོན་དངོས་སུ་ཞུགས་པའི་འཐུས་མི་སུམ་བརྒྱ་དང་རེ་བརྒྱད་ཡོད་པས། བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་མི་གྲངས་དང་མཐུན། གྲོས་ཚོགས་ཀྱི་གྲོས་རིམ་བསྡོམས་པས་སྣ་ཁ་གསུམ་ཡོད་པ་སྟེ། གཅིག་ནི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་སྣོན་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ཁྱབ་བསྒྲགས་བྱས་པ་དང་། གཉིས་ནི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་གཉིས་པའི་ཀྲུའུ་ཞི་ཚོགས་པའི་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་སྣོན་འདེམ་བྱེད་པའི་སྐོར་གྱི་འདེམ་སྒུག་པའི་མིང་ཐོའི་འཆར་ཟིན་ཁྱབ་བསྒྲགས་བྱས། གསུམ་ནི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་སྣོན་འདེམ་བྱེད་པའི་འདེམ་སྒུག་པའི་གནས་ཚུལ་སྐོར་གྱི་གསལ་བཤད་ལ་ཉན་པ་བཅས་རེད།

ཧྲིན་ཧི་ཡིས་ཕྱི་དྲོའི་མཇུག་བསྡུ་ཚོགས་ཆེན་ལ་མགོ་འཛིན་བྱས། ཚོགས་ཆེན་སྟེང་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་བརྒྱད་ཡིན་ལ། དོན་དངོས་སུ་ཞུགས་པའི་འཐུས་མི་སུམ་བརྒྱ་དང་རེ་བརྒྱད་ཡོད་པས། བཅའ་ཁྲིམས་སྟེང་གཏན་ལ་ཕབ་པའི་མི་གྲངས་དང་མཐུན། གྲོས་ཚོགས་ཀྱི་གྲོས་རིམ་བསྡོམས་པས་སྣ་ཁ་བཞི་ཡོད་པ་སྟེ། གཅིག་ནི་ཚོགས་ཆེན་གྱི་འདེམ་བསྐོའི་བྱེད་ཐབས་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ་དང་། གཉིས་ནི་འདེམ་ཤོག་སྤྱིའི་ལྟ་སྐུལ་བ་དང་འདེམ་ཤོག་ལྟ་སྐུལ་བའི་མིང་ཐོའི་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ། གསུམ་ནི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་སྣོན་འདེམ་བྱེད་རྒྱུ། བཞི་ནི་འདེམ་ཐོན་བྱུང་བའི་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གྱིས་གཏམ་བཤད་རྒྱུ་བཅས་རེད།

མིང་མི་བཀོད་པའི་ཚུལ་གྱིས་འདེམ་ཤོག་འཕངས་རྗེས། མགོ་འཛིན་པས་ལོ་ཧོས་ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ཧའོ་ཕུན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས་པ་ཁྱབ་བསྒྲགས་བྱས་པ་དང་། ཚོགས་ར་ཡོངས་སུ་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས། གསར་དུ་བདམས་པའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་དང་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ཧའོ་ཕུན་གཉིས་སྔ་གཞུག་ཏུ་སྟེགས་བུའི་མདུན་དུ་སོང་ནས། འཐུས་མི་རྣམས་ལ་གུས་ཕྱག་ཕུལ།

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལོ་ཧོས་ཉིན་གྱིས་མཇུག་བསྡུའི་གྲོས་ཚོགས་སྟེང་གཏམ་གལ་ཆེན་བཤད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག