མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ད་ལོའི་དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་དུ་ལས་ཞུགས་མི་སྣ་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་ཇེ་མང་དུ་སོང་བ།

རྩོམ་པ་པོ། ལོ་ཙཱ་བ། བཀྲ་ཤིས་འབུམ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-29 10:33

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་དུས་ཚིགས་དང་པོར་མཚོ་སྔོན་ཞིང་ཆེན་གྱི་མཁར་གྲོང་དུ་ལས་ཞུགས་མི་སྣ་ཁྲི་གཅིག་དང་སྟོང་གཅིག་ཉིས་བརྒྱ་ཇེ་མང་དུ་སོང་ཞིང་མཁར་གྲོང་གི་ལས་རིགས་སོ་སོའི་ལས་ཤོར་མི་སྣ་སྟོང་དྲུག་དང་བརྒྱད་བརྒྱ་བདུན་ཅུ་ཡང་བསྐྱར་ལས་ཀར་ཞུགས་པ་དང་། རོང་འབྲོག་ཕྱོགས་ཀྱི་ངལ་རྩོལ་པ་ལྷག་མ་འབུམ་བཞི་དང་ཁྲི་བརྒྱད་ལྷག་ལས་ཀར་ཞུགས་པས། མཚོ་སྔོན་ཞིང་ཆེན་གྱི་མི་དོན་སྤྱི་ཚོགས་ལས་དོན་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱ་བར་མགོ་བཟང་བོ་ཞིག་ཚུགས།

    ད་ལོར་མཚོ་སྔོན་ཞིང་ཆེན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཐིན་གྱིས་མང་ཚོགས་ཀྱི་འཚོ་བར་གཙིགས་འཛིན་དང་ཤེས་ལྡན་མི་སྣར་མཐོང་ཆེན་བྱེད་པའི་བྱ་བ་རྒྱུན་འཁྱོངས་བྱས་ནས། ད་ལོའི་དམིགས་འབེན་དང་ལས་འགན་ཡོངས་འགྲུབ་བྱེད་པར་བྱ་བ་འགའ་བསྒྲུབས། གཅིག ལས་ཤོར་དང་ངལ་རྩོལ་པ་ལྷག་མ་ལས་ཀར་ཞུགས་པའི་བྱ་བ་བཟང་བོར་བསྒྲུབས། གཉིས། སྤྱི་ཚོགས་འགན་སྲུང་གི་ཁེབས་རྒྱ་སྔར་ལས་ཇེ་ཆེར་བཏང་། གསུམ། ངལ་རྩོལ་ཁེ་དབང་འགན་སྲུང་ནུས་བ་སྔར་ལས་ཇེ་ཆེར་བཏང་བ་བཅས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག