ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ་བཞི་བའི་ཚེས་ཉེར་བཞི་ཉིན། གུང་གཞོན་ཚོགས་པ་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་དང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། མཚོ་སྔོན་ཞིང་ཆེན་དཔལ་ཡོན་བྱ་བའི་གཞུང་སྒྲུབ་ཁང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིན། མཚོ་སྔོན་ཞིང་ཆེན་བུད་མེད་མཉམ་འབྲེལ་ལྷན་ཚོགས་བཅས་ཀྱིས་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་གི་སློབ་འབྲིང་དང་པོ་ནས་ལོས་ཧྥུན་ལ་སློབ་སྦྱོང་བྱས་ནས་གཅེས་སེམས་འབུལ་བ་དང་ན་གཞོན་ལོ་ཆུང་གྱི་བསམ་བློར་སྣེ་ཁྲིད་བྱེད་པ་ཞེས་པའི་སློབ་མར་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་སྔོན་ཞིང་ཆེན་སྤྱིའི་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུའུ་ཉིན་བྱ་འགུལ་ལ་ཞུགས།
སུའུ་ཉིན་གྱིས་བཤད་རྒྱུར། སྤྱི་ཚོགས་ཡོངས་ཀྱིས་ན་གཞོན་ལོ་ཆུང་འཚར་ལོངས་འབྱུང་བར་ཡིད་འཇོག་བྱེད་དགོས་པ་དང་། ཁོ་ཚོའི་སློབ་སྦྱོང་དང་འཚོ་བར་སེམས་ཁུར་བྱེད་ཅིང་བྱ་བར་རྒྱབ་སྐྱོར་བྱེད་དགོས་པར་མ་ཟད། ན་གཞོན་ལོ་ཆུང་གི་ལས་དོན་གོང་འཕེལ་དུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས་ཟེར།
ཉིན་དེའི་སློབ་མར་རོགས་སྐྱོར་བྱེད་པའི་བྱ་འགུལ་ཁྲོད་དུ་མཚོ་སྔོན་ཞིང་ཆེན་ཁང་ལི་སྨན་ཁང་གི་མགོ་གཙོ་མ་ཧོས་ཕེན་གྱིས་དཀའ་ཁག་ཆེ་བའི་སློབ་འབྲིང་སློབ་མ་བཞི་བཅུ་ལ་རོགས་སྐྱོར་སྒོར་མོ་དྲུག་བརྒྱ་རེ་བྱིན།