ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གཞུང་གིས་གཙོ་བསྒྲུབས་བྱས་པ་དང་མཚོ་སྔོན་ཞིང་ཆེན་བཟོ་ཚོང་ཅུའུ་ཡིས་སྒྲུབ་མཁན་འཁུར་བའི2013ལོའི་མཚོ་སྔོན་གྱི་ཚོང་རྫས་གྲགས་ཅན་མཚམས་སྦྱོར་བྱེད་པའི་ཚོགས་འདུ་ཚེས26ཉིན་ཀྲིན་ཀྲིག་གྲོང་ཁྱེར་གྱི་རྒྱལ་སྤྱིའི་འགྲེམ་སྟོན་ལྟེ་གནས་ནས་ཚོགས་མགོ་བརྩམས་པ་དང་། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀོ་ཡུན་ལུང་དང་ཧི་ནན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཝང་ཡན་ལིན་གཉིས་ཀྱིས་ཤིས་ཚིག་ཕུལ།
ཚོགས་ཐོག་ཏུ་ཀོ་ཡུན་ལུང་གིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། མཚོ་སྔོན་ནི་མཚོ་བོད་མཐོ་སྒང་དུ་ཆགས་ཤིང་འབྲི་ཆུ་དང་རྨ་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་ཡིན་པ་དང་། དེ་རུ་ཕུན་སུམ་ཚོགས་པའི་ཞིང་ཕྱུགས་ཐོན་ཁུངས་དང་གཏེར་རྫས་ཐོན་ཁུངས། མི་རིགས་རིག་གནས་ཀྱི་ཐུན་ཁུངས། སྐྱེ་ཁམས་ཐོན་ཁུངས། གནས་སྐོར་ཐོན་ཁུངས་སོགས་ཡོད་པས། ཐེངས་འདིའི་མཚམས་སྦྱོར་ཚོགས་འདུར་ཚོང་རྫས་སྣ་ཁ་སྟོང་གཉིས་ལྷག་ཞུགས་ནས་མཚོ་སྔོན་ཁྱད་ཆོས་མཚོན་པར་བྱས་ཡོད་ཟེར།
ཝང་ཡན་ལིན་གྱིས་ཤིས་ཚིག་འབུལ་སྐབས་བཤད་རྒྱུར། ང་ཚོས་ཐེངས་འདིའི་མཚམས་སྦྱོར་ཚོགས་འདུ་གོ་སྐབས་སུ་བཟུང་སྟེ། མཚོ་སྔོན་ཞིང་ཆེན་བར་གྱི་མཉམ་ལས་ཤུགས་བསྣན་ཏེ། མཉམ་དུ་འཕེལ་རྒྱས་ཀྱི་གོ་གོ་སྐབས་དང་གྲུབ་འབྲས་ལོངས་སུ་སྤྱོད་ངེས་ཡིན་ཟེར།
ཐེངས་འདིའི་མཚམས་སྦྱོར་ཚོགས་འདུའི་ཉིན་དང་པོར་མཉམ་ལས་ཀྱི་གྲོས་མཐུན་བཀོད་པའི་དངུལ་གྲངས་བསྡོམས་པས་སྒོར་མོ་ཐེར་འབུམ་བདུན་ལས་བརྒལ། །