མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་བ་བསྡུས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 11:02

123.jpg

ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་བ་བསྡུས་པ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས27ཉིན་གྱི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲ་སྒྲིག་གྲོས་ཚོགས་ཐེངས་གཉིས་བ་བསྡུས། འཐུས་མི་སུམ་བརྒྱ་དང་གོ་བརྒྱད་གྲོས་ཚོགས་ལ་ཞུགས་དགོས་པ་དང་། ཉིན་དེར་འཐུས་མི་སུམ་བརྒྱ་དང་ཞེ་དགུ་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་ལ་ཕབ་པའི་མི་གྲངས་དང་མཐུན།

    མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མུའུ་ཏུང་ཧྲིན་དང་། ཧྲིན་ཧི། དབང་མོ། ཚོ་བུན་ཧུའུ། མཱ་བེས། ཚོ་ཧོང་། དྲུང་ཡིག་ཆེན་མོ་ཚེ་ཏི་ཀོས་སོགས་གྲོས་ཚོགས་སུ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུར་བཞུགས་ཡོད། ཚོ་བུན་ཧུའུ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

    གྲོས་ཚོགས་ཀྱི་གྲོས་རིམ་ལ་བསྡོམས་པས་དོན་ཚན་གསུམ་ཡོད།

    གཅིག་ནི་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་བདམས།

    གཉིས་ནི་གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་གྲོས་ཆོད་བཀོད།

    གསུམ་ནི་འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་ཁྱབ་བསྒྲགས་བྱས།

    གྲོས་ཚོགས་ལས་ད་རུང་གོང་གི་གྲོས་རིམ་ལ་གོ་རིམ་ལྟར་གྲོས་འཆམ་བྱུང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག