མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཧའོ་ཕུན་གྱིས་ཏ་ཐུང་རྫོང་གི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-28 10:57

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས26ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ཚབ་མ་ཧའོ་ཕུན་ཏ་ཐུང་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་དུ་སོང་ནས་ཡུལ་དངོས་སུ་བྱ་བར་རྟོག་ཞིབ་བྱས། ཧའོ་ཕུན་གྱིས་ནན་གྱིས་བསྟན་དོན། ཏ་ཐུང་རྫོང་གིས་ཁྱད་སྟོབས་བཟང་བོར་རྐང་བཙུགས་ཏེ་མྱུར་དུ་འཕེལ་རྒྱས་སུ་གཏོང་དགོས། སྨན་རྫས་བཅོས་བསྒྱུར་གྱི་གྲུབ་འབྲས་དེ་སྔར་ལས་ལྷག་པའི་སྒོ་ནས་སྲ་བརྟན་དང་རྒྱ་ཁྱབ་ཏུ་གཏོང་བ་དང་སློབ་གསོའི་འཕེལ་རྒྱས་བཅོས་བསྒྱུར་ལ་མུ་མཐུད་དུ་ཡར་སྐུལ་བྱེད་པ། དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་སུ་གཏོང་བ་བཅས་ཀྱི་ཐད་ལ་ཤུགས་སྣོན་བྱེད་དགོས་ཟེར།

ཉིན་དེའི་ཕྱི་དྲོར། མཚོ་སྔོན་ཞིང་ཆེན་གྱི་ལྔ་གཅིག་དུས་ཆེན་ལ་རྟེན་འབྲེལ་ཞུ་བ་དང་ངལ་རྩོལ་དཔེ་ལེགས་ཅན་ལ་གཟེངས་བསྟོད་བྱེད་པའི་ཚོགས་ཆེན་ལ་ཞུགས་རྗེས། ཧའོ་ཕུན་ཏ་ཐུང་རྫོང་མཁར་གྲོང་སྨན་ཁང་དང་སློབ་གྲྭ་དང་ཁེ་ལས་བཅས་སུ་སོང་ནས་བྱ་བར་རྟོག་ཞིབ་བྱས། ཁོ་སྔ་གཞུག་ཏུ་ཏ་ཐུང་རྫོང་མི་དམངས་སྨན་ཁང་དང་ཐ་ཨར་གྲོང་བརྡལ་ལྟེ་གནས་འཕྲོད་བསྟེན་ཁང་བཅས་སུ་སོང་ནས་སྨན་རྫས་དང་སྨན་བཅོས་ཞབས་ཞུའི་ཁྲལ་བསྡུ། སྨན་བཅོས་ཉེན་སྲུང་འགྲོ་གྲོན་གཏོང་བ་སོགས་བཅོས་བསྒྱུར་བྱེད་ཐབས་ཀྱི་དོན་དངོས་གནས་ཚུལ་ལ་རྒྱུས་ལོན་ཞིབ་མོ་བྱས།

རྟོག་ཞིབ་བྱེད་སྐབས་སུ་སྨན་ཁང་གིས་ནད་པར་ཞབས་ཞུ་སྒྲུབ་པའི་རྣམ་འགྱུར་བཟང་ཞིང་སྨན་བཅོས་བྱེད་པར་ཧ་ཅང་སྟབས་བདེ་བར་མ་ཟད། སྨན་རིན་གྱི་འགྲོ་གྲོན་ཡང་སྔར་ལས་ཇེ་དམའ་རུ་སོང་ཡོད་ལ་སྨན་བཅོས་མི་སྣའི་ཡོང་འབབ་ཀྱང་འཕར་སྣོན་ཆེན་པོ་བྱུང་ཡོད་པའི་གནས་ཚུལ་ཤེས་རྗེས། ཧའོ་ཕུན་སེམས་གཏིང་ནས་དགའ་སྤྲོ་ཆེན་པོ་སྐྱེས། ཁོས་ནན་གྱིས་བསྟན་དོན། ཕྱོགས་ཡོངས་ནས་རྫོང་རིམ་པའི་གཞུང་བཙུགས་སྨན་ཁང་གི་ཕྱོགས་བསྡུས་བཅོས་བསྒྱུར་ལས་འགན་ཡོངས་འགྲུབ་བྱེད་དགོས་ན་རྒྱུན་ཆད་མེད་པར་སྒྲིག་གཞིའི་ལམ་ལུགས་གསར་སྐྲུན་བྱེད་དགོས་པ་དང་མཉམ་དུ་གཞི་རིམ་གྱི་སྨན་བཅོས་སྒྲིག་གཞིའི་ཕྱོགས་བསྡུས་བཅོས་བསྒྱུར་གྲུབ་འབྲས་དེ་སྲ་བརྟན་དང་རྒྱ་ཁྱབ་ཏུ་བཏང་སྟེ་གཞི་རིམ་གྱི་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་འབད་བརྩོན་བྱེད་དགོས་ཟེར།

ཅི་ལི་ཞང་དཀྱིལ་སྙིང་སློབ་ཆུང་དུ་ཧའོ་ཕུན་སློབ་གྲྭའི་སློབ་ཁྲིད་ཐོག་ཁང་དུ་སོང་བ་དང་སྔ་གཞུག་ཏུ་སློབ་གྲྭའི་མཛེས་རྩལ་ཁང་དང་ཚོད་ལྟ་ཁང་བཅས་སུ་སོང་ནས་ལྟ་ཞིབ་བྱས་པ་དང་། སློབ་མ་ཆུང་ཆུང་རྣམས་ལ་གཞོན་པའི་དུས་ཚོད་གཅེས་འཛིན་བྱས་ཏེ་སློབ་སྦྱོང་ལ་ཧུར་བརྩོན་བྱས་ནས་མ་འོངས་པར་མི་སྣ་འཇོན་ཐང་ཅན་དུ་འགྱུར་བར་འབད་བརྩོན་བྱེད་དགོས་པའི་སྐུལ་མ་གནངས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག