མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་གྱིས་ཁེ་དབང་ལ་གནོད་པ་དང་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་རྫུན་མ་གཅིག་བསྡུས་ཀྱིས་མེད་པར་བཏང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས26ཉིན་གྱི་འཛམ་གླིང་ཤེས་བྱའི་ཐོན་དབང་ཉིན་མོར་བསུ་བ་བྱེད་པ་དང་། རྒྱལ་ཡོངས་འཆལ་ཕྱགས་འགལ་རྡུང་བྱ་བའི་ཚན་ཆུང་གིས་གཅིག་གྱུར་གྱིས་བཀོད་སྒྲིག་བྱས་པ་ལྟར། མཚོ་སྔོན་ཞིང་ཆེན་འཆལ་ཕྱགས་འགལ་རྡུང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་ཟླ་བཞི་བའི་ཚེས་ཉེར་ལྔ་ཉིན་ཟི་ལིང་ནས་ཁེ་དབང་ལ་གནོད་པ་དང་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་རྫུན་མ་གཅིག་བསྡུས་ཀྱིས་མེད་པར་གཏོང་བའི་བྱ་འགུལ་སྤེལ་ཏེ། ཁེ་དབང་ལ་གནོད་པ་དང་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་རྫུན་མ་འབུམ་གཅིག་དང་ཁྲི་དྲུག་སྟོང་བཞི་ལྷག་མེད་པར་བཏང་། ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་། ཞིང་ཆེན་འཆལ་ཕྱགས་འགལ་རྡུང་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཅི་ཏིས་མཱ་ཅ་བྱ་འགུལ་ཁྲོད་ཞུགས།

ན་ནིང་ཞིང་ཆེན་འཆལ་ཕྱགས་འགལ་རྡུང་བྱ་བའི་མགོ་ཁྲིད་ཚན་ཆུང་གིས་གཅིག་བསྡུས་ཀྱིས་བྱ་སྤྱོད་སྤེལ་བ་དང་རྒྱུན་ལྡན་གྱི་ལྟ་ཞིབ་དོ་དམ་བྱེད་པ་གཉིས་ཟུང་འབྲེལ་བྱས་ནས། ནུས་ལྡན་བྱེད་ཐབས་བེད་སྤྱད་དེ་ཁེ་དབང་ལ་གནོད་པ་དང་ཁྲིམས་འགལ་གྱི་དཔེ་སྐྲུན་དངོས་པོ་རྫུན་མར་རྡུང་རྡེག་དྲུག་པོ་བཏང་སྟེ། ཞིང་ཆེན་ཡོངས་ཀྱི་དཔེ་སྐྲུན་དངོས་པོའི་ཚོང་ར་སྔར་ལས་ཚད་ལྡན་དུ་བཏང་བ་དང་། རིག་གནས་ཚོང་ར་སྔར་ལས་དག་གཙང་དུ་བསྒྱུར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག