མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

2013ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱི་སི་ལན་བཟའ་ཆས་དང་མཁོ་ཆས་ཐོན་རྫས་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:55

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས25ཉིན་གྱི་ཕྱི་དྲོར། 2013ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱི་སི་ལན་བཟའ་ཆས་དང་མཁོ་ཆས་ཐོན་རྫས་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གིས་བྱ་བའི་གྲོས་ཚོགས་ཐེངས་གཉིས་པ་བསྡུས། གྲོས་ཚོགས་སྟེང་ད་ལྟ་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་གནས་ཚུལ་ལ་ཉན་པ་དང་། འགྲེམ་སྟོན་ཚོགས་འདུའི་སྐབས་སུ་རྒྱལ་ཁབ་ཕྱི་ནང་གི་འཐུས་ཚབ་ཚོགས་པ་དང་འཐུས་མི་སྣེ་ལེན་བྱེད་པའི་བྱ་བར་བཀོད་སྒྲིག་བྱས། ཧྲིན་ཀྲང་གཞོན་པ། 2013ལོའི་ཀྲུང་གོ་མཚོ་སྔོན་རྒྱལ་སྤྱིའི་དབྱི་སི་ལན་བཟའ་ཆས་དང་མཁོ་ཆས་ཐོན་རྫས་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་ཨུ་ཡོན་ལྷན་ཁང་གི་ལག་བསྟར་ཀྲུའུ་རིན་ཡན་ཅིན་ཧེ་གྲོས་ཚོགས་སུ་ཞུགས་པར་མ་ཟད་གཏམ་བཤད།

གྲོས་ཚོགས་སྟེང་འགྲེམ་སྟོན་ཚོགས་འདུ་ཐོན་ལ་ཉེ་པས། ས་གནས་སོ་སོ་དང་ལས་ཁུངས་སོ་སོས་འགྲེམ་སྟོན་ཚོགས་འདུའི་གྲ་སྒྲིག་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པ་དང་། དྲིལ་སྒྲོག་བྱ་བར་ཤུགས་བསྣན་ཏེ། འགྲེམ་སྟོན་ཚོགས་འདུ་རང་སྟེང་གི་དྲིལ་སྒྲོག་བྱ་བ་བཟང་བོར་བསྒྲུབས་པའི་དུས་མཉམ་དུ་མཚོ་སྔོན་དྲིལ་སྒྲོག་དང་མཚོ་སྔོན་མཚམས་སྦྱོར་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱེད་དགོས་པའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག