མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཞོན་ཧྭ་རྫོང་གི་སྡེ་བ7དང་མི5848ལ་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་བྱ་འགུལ་ལས་ཕན་ཁེ་ཐོབ་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-04-26 10:18

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ན་ནིང་མཚོ་སྔོན་ཞིང་ཆེན་ཞོན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་དུ་བསྡོམས་པས་ཁྱིམ་ཚང3582ཀྱི་མི17827ལ་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་བྱ་འགུལ་ལས་ཕན་ཁེ་ཐོབ། ད་ལོར་བྱ་འགུལ་ནང་སྡེ་བ7ཚུད་པ་དང་། དེའི་ནང་ཞིང་ཆེན་རིམ་པའི་མཉམ་འཛུགས་སྡེ་བ6དང་རྫོང་རིམ་པའི་རང་འཛུགས་སྡེ་བ1ཡོད་ལ། ཁྱིམ་ཚང1245ཡི་མི5848ལ་ཕན་ཁེ་ཐོབ་ཡོད།

2012ལོར་ཞོན་ཧྭ་རྫོང་གིས་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར2.36བཏང་ནས་ཅི་ཧྲི་གྲོང་རྡལ་དང་ཅེ་ཙི་གྲོང་རྡལ་གཉིས་ཀྱི་སྡེ་བ10ནས་ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་དཔེ་སྟོན་སྡེ་བ་མཉམ་འཛུགས་བྱེད་པའི་བྱ་འགུལ་སྤེལ་བས། དེས་མཉམ་འཛུགས་སྡེ་བའི་རྨང་གཞི་སྒྲིག་ཆས་དང་སྡེ་བའི་ཁོར་ཡུག་ལ་ཕན་ནུས་པའི་ལྡན་པའི་ལེགས་བཅོས་ཐོབ་ཞིང་། གཞི་རིམ་རྩ་འཛུགས་འཛུགས་སྐྲུན་མངོན་གསལ་སྒོས་མཐོར་འདེགས་བྱུང་བས། ཏང་སྲིད་དམག་གསུམ་དང་ཁེ་ལས་ཀྱིས་ལོ་གཅིག་ལ་མཉམ་འཛུགས་བྱས་ཏེ། ལོ་ལྔའི་འཕེལ་རྒྱས་ཐོལ་བརྒལ་མངོན་འགྱུར་བྱུང་བའི་ཕན་འབྲས་ལེགས་པོ་བླངས། མིག་སྔར་མཉམ་འཛུགས་གྲོས་མཐུན་མུ་མཐུད་དུ་དངོས་འབེབས་བྱས་ཏེ། ཞིང་ཆེན་དང་ས་གནས་ནོར་སྲིད་མ་དངུལ་སྒོར་ཁྲི106འབྱོར་ཡོད་ལ། མཉམ་འཛུགས་ལས་ཁུངས་ཀྱིས་མ་དངུལ་སྒོར་ཁྲི52དངོས་འབེབས་བྱས་པ་དང་། རྫོང་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་སྒོར་ཁྲི300བཏང་ཡོད། དུས་མཚུངས་སུ་ཞིང་སྡེའི་ཁང་རྙིང་བསྒྱུར་བཅོས་དང་བྱ་དགའི་རང་བཞིན་གྱི་སྡོད་ཁང་འཛུགས་སྐྲུན། དབུལ་སྐྱོར་གྱི་སྡེ་བ་ཧྲིལ་བོར་སྐུལ་འདེད་བྱེད་པ། སྡེ་བའི་ཁོར་ཡུག་ལྗང་བསྒྱུར། མི་ཕྱུགས་འཐུང་ཆུ་སོགས་ཞིང་བ་འབྲེལ་བའི་ལས་གཞི་དག་མཉམ་འཛུགས་སྡེ་བར་ཕྱོགས་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག