མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཛེས་སྡུག་ལྡན་པའི་མཚོ་སྔོན་པོའི་མཚོ་རྣ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། ཞིན་ཧྭ་དྲ་བ།  2013-04-26 10:18

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་རྣ་བརླན་ས་ཁུལ་ནི་མཚོ་སྔོན་པོའི་ཤར་འགྲམ་དུ་ཆགས་ཡོད་ལ། བྱང་ཕྱོགས་སུ་བྱེ་ཁུལ་དང་འབྲེལ་ཡོད། རྒྱ་ཁྱོན་ལ་མུའུ3600ལྷག་ཡོད་ཅིང་། རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཏེ་གེ་སར་རྟ་རྫིའི་ངལ་གསོ་ས་ཡིན། མཚོ་རྣ་བརླན་ས་ཁུལ་ནི་མཚོ་སྔོན་པོའི་ཆུ་གནས་མར་འགྲིལ་བ་དང་། རྒྱ་ཁྱོན་ཇེ་ཆུང་དུ་སོང་རྗེས་ཤུལ་དུ་ལུས་པ་ནི་ནེའུ་གསེང་ཡིན་ཞིང་། ནེའུ་གསེང་མཐའ་མཁོར་དུ་ཆུ་མགོ་བརྒྱ་ཕྲག་ལྷག་མཚོ་ནང་དུ་བཞུར་གྱི་ཡོད་པས། མཛེས་སྡུག་ལྡན་པའི་ཡུལ་ལྗོངས་ཞིག་ཏུ་གྲུབ་ཡོད། །

འདི་ནི་མཚོ་རྣ་བརླན་ས་ཁུལ་གྱི་ཟུར་ཞིག་ཡིན།

 

འདི་ནི་སྤྱི་ཟླ4བའི་ཚེས23ཉིན་པར་བླངས་པའི་མཚོ་རྣ་བརླན་ས་ཁུལ་གྱི་མཛེས་ལྗོངས་རེད།

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག