མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་བྱེད་པའི་བྱ་བར་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-26 10:16

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས24ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་ཆུ་འདྲེན་ཆུ་རྐ་གཙོ་བོ་དང་ཙོང་ཆུའི་བྱང་ཕྱོགས་ཀྱི་ཆུ་རྐའི་བཟོ་སྐྲུན་སྐོར་ཐེངས་དང་པོའི་ལས་ཡུལ་དངོས་སུ་སོང་སྟེ་ཆེད་དུ་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་གྱི་བྱ་བར་རྟོག་ཞིབ་བྱས་པ་དང་། བཟོ་སྐྲུན་འཛུགས་སྐྲུན་ཁྲོད་གནས་པའི་དཀའ་ཁག་དང་གནད་དོན་ཐག་གཅོད་པར་ཞིབ་འཇུག་བྱས། ཁོས་ནན་གྱིས་བསྟན་དོན། འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་བའི་བཟོ་སྐྲུན་འཛུགས་སྐྲུན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་བྱེད་པའི་འདུ་ཤེས་ཇེ་མཐོར་བཏང་སྟེ། འགན་འཁྲི་གསལ་བོ་བྱེད་པ་དང་། དངོས་འབེབས་ལེགས་པོ་བྱེད་པ། སྟོབས་ཤུགས་མཉམ་འབྲེལ་བཅས་བྱས་ནས་ཤུགས་ཆེན་གྱིས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས་ཟེར།

ཀྲང་ཀོང་རོང་སོགས་སྔ་གཞུག་ཏུ་ཆུ་འདྲེན་ཆུ་རྐ་གཙོ་བོའི་སྦུག་ལམ་ལས་ས་དང་ཧོས་ཆོན་ཆུ་མཛོད་ཆུ་རགས། ཙོང་ཆུའི་བྱང་ཕྱོགས་ཀྱི་ཆུ་རྐའི་སྐོར་དང་པོའི་བཟོ་སྐྲུན་འཛུགས་སྐྲུན་གྱི་ཡུལ་དངོས་སོགས་སུ་སོང་སྟེ། བཟོ་སྐྲུན་འཛུགས་སྐྲུན་གྱི་དོ་དམ་དང་བཟོ་སྐྲུན་གྱི་རིན་ཐང་། ལས་གཞི་དེའི་ཕན་ནུས་སོགས་ཀྱི་བྱ་བར་ཡུལ་དངོས་དུ་རྟོག་ཞིབ་བྱས་ནས་ཆེད་དོན་གྲོས་ཚོགས་བསྡུས།

ཀྲང་ཀོང་རོང་གིས་བསྟན་དོན། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས“གསར་བ་གཉིས”མངོན་འགྱུར་བྱེད་པའི་དམིགས་འབེན་དང་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འགྲུབ་པར་བྱེད་པའི་འཐབ་ཇུས་ཀྱི་མཐོ་ཚད་ནས་འཇུ་ལག་ཆུ་བོ་ཙོང་ཆུར་འདྲེན་པའི་བཟོ་སྐྲུན་འཛུགས་སྐྲུན་གྱི་དོན་སྙིང་གལ་ཆེན་ལ་ངོས་འཛིན་བྱས་ནས་དགོས་གལ་བསམ་པ་དང་འགན་འཁྲིའི་བསམ་པ་ཇེ་དྲག་ཏུ་གཏོང་དགོས། སྔར་ལས་གསལ་བོ་དང་ཚད་ལྡན་ཡིན་པའི་་འགན་འཁྲིའི་མ་ལག་བཙུགས་ནས་བདེ་འཇགས་དང་རྒྱུ་སྤུས་ལ་འགན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག འབད་བརྩོན་གྱིས་བཟོ་སྐྲུན་གྱི་འཕེལ་རིམ་ཇེ་མགྱོགས་སུ་གཏོང་བ་དང་། ཙོང་ཆུའི་བྱང་ཕྱོགས་ཀྱི་ཆུ་རྐའི་བཟོ་སྐྲུན་དེ2014ལོར་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱེད་དགོས་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག