མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཡུས་ཧྲུའུ་ཁུལ་གྱིས་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་སུ་ཕུལ་བའི་དངོས་རྫས་སྐོར་དང་པོ་ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་གི་ཏ་ཁྲོན་གྲོང་ཁྱེར་དུ་ཐོན་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་ཟི་ཁྲོན་གྱི་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ལ་ཕུལ་བའི་རིན་ཐང་སྒོར་ས་ཡ་གཅིག་དང་འབུམ་བཞི་ཁྲི་གསུམ་སྟོང་གཉིས་ཀྱི་དངོས་རྫས་དེ་ཟླ་བཞི་པའི་ཚེས་ཉེར་བཞིའི་ཉིན་གྱི་ཕྱི་དྲོའི་དུས་ཚོད་གསུམ་དང་སྐར་མ་ལྔ་བཅུའི་ཐོག་ཟི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་གི་ཏ་ཁྲོན་གྲོང་བརྡལ་དུ་ཐོན།

ཐེངས་འདིར་ཕུལ་བའི་ཞལ་འདེབས་དངོས་རྫས་ནང་དུ་མུས་གྲུ་བཞི་མ་ཉི་ཤུ་ཅན་གྱི་རས་གུར་བརྒྱ་དང་དྲུག་ཅུ་དང་། མུས་གྲུ་བཞི་མ་བཅུ་གཉིས་ཅན་གྱི་རས་གུར་བཞི་བཅུ། ཉལ་ཐུལ་བརྒྱ་དང་ལྔ་བཅུ། བལ་ཕྱར་བརྒྱད་ཅུ། དགུན་ལྭ་བརྒྱ་ཐམ་པ། སྟབས་བདེ་ཐུག་པ་སྒམ་ལྔ་བཅུ། སྐོམ་ཆུ་དང་ཟས་རིགས། གཞན་ད་དུང་རིན་ཐང་སྒོར་འབུམ་བཞི་ཡི་སྨན་རྫས་བཅས་ཡོད།

རོགས་སྐྱོར་དངོས་རྫས་བསྐྱལ་ནས་ཅུང་མ་འགོར་བར་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་ལ་གནོད་སེལ་རྒུད་སྐྱོབ་བྱེད་དུ་སོང་པའི་བཀོད་འདོམས་པུའུ་དང་ས་དེའི་འབྲེལ་ཡོད་སྡེ་ཁག་གིས་ཏ་ཁྲོན་གྲོང་བརྡལ་སྲིད་གཞུང་ནས་ཞལ་འདེབས་འབུལ་བའི་མཛད་སྒོ་བསྡུས། མཛད་སྒོའི་རྗེས་སུ་ཡུས་ཧྲུའུ་བཀོད་འདོམས་པུའུ་ཡིས་རྒུད་སྐྱོབ་མི་སྣ་རྩ་འཛུགས་བྱས་ནས་རྒུད་སྐྱོབ་དངོས་རྫས་རླངས་འཁོར་ལས་བླངས་པ་མ་ཟད། གནོད་ཐེབས་མང་ཚོགས་ལ་རས་གུར་ཕུབ་རོགས་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག