མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཐུན་ཏེ་རྫོང་གིས་དམངས་ཡོངས་ཀྱིས་ལས་ལམ་གསར་འབྱེད་བྱེད་པའི་བྱེད་སྒོ་སྤེལ་ནས་ལས་ཞུགས་ལ་སྐུལ་འདེད་བྱས་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་ཐུན་ཏེ་རྫོང་གིས་ཤུགས་ཆེན་པོས་དམངས་ཡོངས་ཀྱིས་ལས་ལམ་གསར་འབྱེད་བྱེད་པའི་བྱེད་སྒོ་སྤེལ་ནས། ཧུར་ཐག་གིས་ལས་ལམ་གསར་འབྱེད་ཀྱི་གསོ་སྦྱོང་དང་། གྲངས་ཉུང་འགན་ལེན་དངུལ་བུན། བུད་མེད་འགན་ལེན་སྐྱེད་ཀའི་དངུལ་བུན། ལས་གཞི་ཁྱབ་སྤེལ། ལས་ལམ་གསར་འབྱེད་ཐད་ཀྱི་ཞབས་ཞུ་དང་གླེང་ཕྱོགས་ཁྲིད་སྟོན་བཅས་ཀྱི་ལས་ལམ་གསར་འབྱེད་ཀྱི་སྟེགས་བུ་ཆེན་པོ་དྲུག་བསྐྲུན་ནས། ལས་ཞུགས་དང་ལས་ཀར་ཡང་ཞུགས་ཀྱི་བྱ་བ་དེ་རིམ་པ་གསར་བ་ཞིག་ཏུ་སླེབས་པར་སྐུལ་འདེད་བྱས།

ད་ལོའི་ལོ་ཚུན་དུ། ཐུན་ཏེ་རྫོང་གི་འབྲེལ་ཡོད་སྡེ་ཁག་གིས་ལས་ལམ་གསར་འབྱེད་ཀྱི་གསོ་སྦྱོང་འཛིན་གྲྭ་ཐེངས་ཞེ་བརྒྱད་ལ་བསྒྲུབས་པ་དང་། གྲངས་ཉུང་འགན་ལེན་དངུལ་བུན་ས་ཡ་བརྒྱད་དང་བུད་མེད་འགན་ལེན་སྐྱེད་ཀའི་དངུལ་བུན་ས་ཡ་གསུམ་སྟེར་བ། ལས་གཞི་ཁྱབ་སྤེལ་བྱེད་སྒོ་ཐེངས་བཅུ་གཉིས་ཡན་སྤེལ་བ། གྲོང་གསེབ་ཀྱི་མི་ལྔ་བརྒྱ་དང་དྲུག་ཡན་གྱི་ལས་ཞུགས་གནད་དོན་ཐག་གཅོད་པ། རོང་འབྲོག་ཁུལ་གྱི་ཕྱིར་བཏང་བའི་ལས་ཀ་བ་མི་གྲངས་སྟོང་བརྒྱད་ལྷག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱེད་པ་བཅས་ཀྱི་འཆར་གཞི་བཀོད་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག