མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་བྱང་ཁུལ་གྱི་སྤྱི་ཚོགས་ལས་རིགས་སོ་སོས་ས་འགུལ་གནོད་ཐེབས་ས་ཁུལ་ལ་སྒོར་ཁྲི91ལྷག་གི་ཞལ་འདེབས་ཕུལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-04-25 10:40

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཕྱོགས་གཅིག་ལ་དཀའ་ངལ་བྱུང་ན་ཕྱོགས་ཡོངས་ནས་རོགས་སྐྱོར་བྱེད་དགོས། སྤྱི་ཟླ4བའི་ཚེས20ཉིན་སི་ཁྲོན་ཞིང་ཆེན་གཡག་རྔ་གྲོང་ཁྱེར་ལུའུ་ཧྲན་རྫོང་ལ་ཚད་རིམ7.0ཅན་གྱི་ས་འགུལ་བྱུང་། གནོད་སྐྱོན་དེས་རྒྱལ་ཡོངས་མི་དམངས་ཀྱི་སེམས་ཁོང་ལ་སྡུག་བསྔལ་བསྐྱལ་བ་དང་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་མི་དམངས་ལ་གདུང་སེམས་བསྐྱལ། ཉིན་འགའི་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཡོངས་ཀྱི་རྒྱ་ཆེའི་ལས་བྱེད་མང་ཚོགས་ཀྱིས་གནོད་ཐེབས་མི་དམངས་ལ་བརྩེ་སེམས་ཕུལ་ནས་དུས་ལྟར་གནོད་ཐེབས་ས་ཁུལ་ལ་རོགས་སྐྱོར་བྱས།

གནོད་སྐྱོན་བྱུང་རྗེས། མཚོ་བྱང་ཁུལ་བཟོ་བའི་སྤྱི་ཁྱབ་ལྷན་ཚོགས་དང་ཁུལ་རྒྱ་གྲམ་དམར་པོ་ཚོགས་པས་དུས་ལྟར་ཁུལ་ཡོངས་ལ་རོགས་སྐྱོར་བྱེད་དགོས་པའི་སྐུལ་སློང་བྱས་ཏེ། ཏང་སྲིད་དམག་གསུམ་ལས་ཁུངས་དང་ཁེ་ལས་ལས་དོན་ལས་ཁུངས། སྤྱི་ཚོགས་ལས་རིགས་སོ་སོའི་བརྩེ་སེམས་མི་སྣའི་ཞལ་འདེབས་ཕུལ་བའི་དངོས་ཟོག་དང་སྒོར་མོ་རྣམས་གནོད་ཁུལ་གྱི་མི་དམངས་ལ་བསྐྱལ་ཞིང་། ས་འགུལ་གནོད་ཁུལ་གྱི་མི་དམངས་ཀྱིས་ཁྱིམ་གཞི་བསྐྱར་འཛུགས་བྱས་ཏེ་མགྱོགས་མྱུར་ངང་ཐོན་སྐྱེད་འཚོ་བ་སླར་གསོ་བྱེད་པ་དང་གནོད་འགོག་རྒུད་སྐྱོབ་ཐད་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་པར་རོགས་སྐྱོར་བྱས།

རྒྱ་ཆེའི་མང་ཚོགས་ཀྱིས་ཞལ་འདེབས་འབུལ་བར་སྟབས་བདེ་བསྐྲུན་ཆེད། སྤྱི་ཟླ4བའི་ཚེས20ཉིན། ཁུལ་བཟོ་བའི་སྤྱི་ཁྱབ་ལྷན་ཚོགས་དང་རྒྱ་གྲམ་དམར་པོ་ཚོགས་པས་དུས་ཚོད24རིང་གི་ཞལ་འདེབས་ཕུལ་བའི་ཁ་པར་བཙུགས་ཏེ་དངུལ་བྱང་སྤྱི་བསྒྲགས་བྱས། རྒྱུས་ལོན་པ་ལྟར་ན། ཞལ་འདེབས་འགོ་བརྩམས་པའི་ཚུན་དུ། ཁུལ་ཡོངས་ཀྱི་སྤྱི་ཚོགས་ལས་རིགས་སོ་སོའི་བརྩེ་སེམས་མི་སྣ་དང་ཁེ་ལས། སློབ་གྲྭ་སོགས་ཀྱིས་རིམ་པ་སོ་སོའི་བཟོ་ཚོག་དང་རྒྱ་གྲམ་དམར་པོ་ཚོགས་པ་བརྒྱུད་དེ་གནོད་ཁུལ་ལ་ཞལ་འདེབས་ཕུལ་བ་དང་། གཡག་རྔའི་གནོད་ཐེབས་མང་ཚོགས་རོགས་སྐྱོར་བྱེད་རྒྱུའི་འདུན་པ་བཅངས་ཡོད། སྤྱི་ཟླ4བའི་ཚེས24ཉིན་བར་དུ། ཁུལ་བཟོ་བའི་སྤྱི་ཁྱབ་ལྷན་ཚོགས་ལ་ཁུལ་ཡོངས་ཀྱི་ཞལ་འདེབས་སྒོར་མོ760000.7འབྱོར་ཞིང་། ཁུལ་རྒྱ་གྲམ་དམར་པོ་ཚོགས་པར་ཞལ་འདེབས་སྒོར་མོ147820འབྱོར་ཡོད་པས་བསྡོམས་པས་ཞལ་འདེབས་སྒོར་མོ907820.7འདུས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག