མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་དབྱང་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར15བཏང་ནས་མཚོ་སྔོན་གྱི་འཕེལ་རྒྱས་སླར་སྐྱེས་ནུས་ཁུངས་འཕེལ་རྒྱས་ལ་རོགས་སྐྱོར་བྱས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-04-25 10:34

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས24ཉིན་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིན་ནས་རྒྱུས་ལོན་པ་ལྟར་ན། ཀྲུང་དབྱང་ནོར་སྲིད་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་སླར་སྐྱེས་ནུས་ཁུངས་གློག་རིན་གྱི་ཁ་གསབ་ལ་སྒོར་དུང་ཕྱུར15བཏང་སྟེ། མཚོ་སྔོན་གྱི་སླར་སྐྱེས་ནུས་ཁུངས་གསར་སྤེལ་ལ་རོགས་སྐྱོར་བྱས། མ་དངུལ་འདིས་མཚོ་སྔོན་གྱི་ནུས་ཁུངས་སྒྲིག་གཞི་ལེགས་བཅོས་དང་ཁོར་ཡུག་སྲུང་སྐྱོབ། ནམ་ཟླའི་འགྱུར་ལྡོག་ལ་དམིགས་པར་སྐུལ་འདེད་ཀྱི་ནུས་པ་ཐོན་ཐུབ།

མགྱོགས་མྱུར་ངང་མ་དངུལ་གྱི་ནུས་པ་འདོན་སྤེལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་ནོར་སྲིད་ཀྱིས་དུས་ལྟར་མ་དངུལ་བཏང་ནས་གཙོ་བོ་འོད་ཤུགས་དང་རླུང་ཤུགས་གློག་འདོན་ཁེ་ལས་ཀྱི་གློག་འདོན་ཁ་གསབ་དང་གློག་དྲའི་མ་ལག་གི་བཟོ་འགོད་མ་དངུལ་གྱི་ཁ་གསབ་ཐད་བཀོལ་རྒྱུ་ཡིན་ལ། དེས་མཚོ་སྔོན་གྱི་སླར་སྐྱེས་ནུས་ཁུངས་མགྱོགས་མྱུར་ངང་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་ཐོབ་ངེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག