མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲང་ཀོང་རོང་གིས་ཧྭ་ལོང་དང་ཞོང་ཧྭ་རྫོང་གི་ཞིང་ཕྱུགས་ལས་ལ་རྟོག་ཞིབ་བྱས་པ།

རྩོམ་པ་པོ། བསོད་ནམས་ལྷ་མོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 09:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས22ཉིན་ནས་ཚེས23ཉིན་བར། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ་ཀྲང་ཀོང་རོང་མཚོ་ཤར་ས་ཁུལ་གྱི་ཧྭ་ལུང་ཧོས་རིགས་རང་སྐྱོང་རྫོང་དང་ཞོང་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་གི་རྨ་ཆུའི་འགྲམ་རྒྱུད་དང་རི་མ་དང་བར་སའི་ས་ཁུལ་དུ་སོང་སྟེ་ཡུལ་དངོས་ནས་ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཀྱི་གནས་ཚུལ་དང་། ས་གཤིས་གཞི་ཁྱོན་ཅན་གྱི་བདག་གཉེར་རྣམ་པ། རོང་འབྲོག་པའི་ཆེད་ལས་མཉམ་ལས་ཁང་གི་དཔལ་འབྱོར་རྩ་འཛུགས་དང་ཁེ་ལས་གཙོ་བོའི་འཕེལ་རྒྱས་ཀྱི་རྣམ་པར་ལྟ་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ཙོང་ཆུའི་བཞུར་རྒྱུན་དང་རྨ་ཆུའི་འགྲམ་རྒྱུད་ཀྱིས་རང་གནས་སའི་ཁྱབ་ཁོངས་ཀྱི་ཁྱད་ཆོས་དང་ཐོན་ལས་བདག་གཉེར་ལ་རྐང་བཙུགས་ནས་ཤུགས་ཆེན་པོས་ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ལས་འཕེལ་རྒྱས་སུ་གཏོང་བ་དང་། ཞིང་ཕྱུགས་ལས་ཀྱི་ཐོན་ལས་བདག་གཉེར་ལམ་ལུགས་གསར་སྐྲུན་བྱེད་པ། རྣམ་པ་གསར་བའི་ཞིང་ཕྱུགས་ལས་ཀྱི་ཐོན་ལས་གཙོ་བོ་གསོ་སྐྱོང་དང་དེར་རོགས་སྐྱོར་བཅས་བྱས་ནས་བདག་གཉེར་གྱི་གཞི་ཁྱོན་རྒྱ་སྐྱེད་པ་དང་། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་གཞི་ཁྱོན་ཅན་གྱི་ཐོན་ལས་འཕེལ་རྒྱས་སུ་གཏོང་དགོས་ཟེར།

རྟོག་ཞིབ་བྱེད་སྐབས་ཀྲང་ཀོང་རོང་ཞིང་ཁ་དང་ཞིང་སྡེ། ཞིང་ཁྱིམ། ཁེ་ལས་སོགས་སུ་སོང་ནས་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་དང་མཉམ་དུ་ཁ་བརྡ་བྱས་ནས་ཐོན་སྐྱེད་འཚོ་བའི་གནས་ཚུལ་ལ་རྒྱུས་ལོན་བྱས་པ་དང་། ས་ཁུལ་དང་རྫོང་གི་མགོ་ཁྲིད་པ་དང་མཉམ་དུ་ཁེ་ལས་དང་ཐོན་ལས་ར་བ་འཕེལ་རྒྱས་སུ་གཏོང་བའི་ཇུས་ཆེན་ལ་གྲོས་བསྡུར་བྱས། ཀྲང་ཀོང་རོང་གིས་ཤར་ཕྱོགས་ས་ཁུལ་གྱིས་ཐོན་ཁུངས་དང་ཤེས་ལྡན་མི་སྣ། ཚོང་ར་སོགས་ཀྱི་ཁྱད་སྟོབས་འདོན་སྤེལ་གང་ལེགས་བྱེད་པ་དང་། ཤར་ཕྱོགས་གྲོང་ཁྱེར་ཚོགས་འཛུགས་སྐྲུན་བྱེད་པ་དང་ཟུང་དུ་འབྲེལ་ནས་གྲོང་ཁྱེར་གྱི་སྔོ་ཚོད་འདེབས་ས་རྒྱ་སྐྱེད་པ་དང་། ཉ་དང་ནོར་ལུག་གི་ཤ སིལ་ཏོག་སོགས་ཁྱད་ཆོས་ཅན་གྱི་ཞིང་ཕྱུགས་ལས་ཀྱི་གཞི་ཁྱོན་རྒྱ་སྐྱེད་ནས་འབད་བརྩོན་གྱིས་ཞིང་ཕྱུགས་ཐོན་རྗས་ལ་འགན་སྲུང་བྱེད་པའི་ཆུ་ཚད་ཇེ་མཐོར་གཏོང་དགོས་བའི་རེ་བ་བཏོན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག