མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཟླ4བའི་ཚེས23ཉིན་གྱི་དུས་ཚོད18བར་དུ་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པར་ཞལ་འདེབས་སྒོར་མོ་ཁྲི390ལྷག་འབྱོར་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-25 09:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། བསྟུད་མར་ཉིན་འགའི་རིང་ལ། མཚོ་སྔོན་ཞིང་ཆེན་གྱི་རིགས་སོ་སོའི་མང་ཚོགས་ཀྱིས་གནོད་ཐེབས་ས་ཁུལ་གྱི་མང་ཚོགས་ལ་སེམས་ཁུར་ཆེན་པོ་བྱས། ཏང་སྲིད་ལས་ཁུངས་དང་ཁེ་ལས་ལས་དོན་སྡེ་ཁག སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱི་གཅེས་སེམས་ཡོད་པའི་མི་སྣས་ཕྱོགས་གཅིག་ལ་དཀའ་ཁག་བྱུང་ན། ཕྱོགས་མང་པོས་རོགས་སྐྱོར་བྱེད་པའི་སྲོལ་རྒྱུན་བཟང་བོ་དང་། མི་ཆོས་རིང་ལུགས་ཀྱི་སྙིང་སྟོབས་འདོན་སྤེལ་བྱས་ནས། ལང་ལོང་གིས་གཅེས་སེམས་དང་ཞལ་འདེབས་ཕུལ་ཏེ། གནོད་ཐེབས་ས་ཁུལ་གྱི་མི་དམངས་ཀྱི་ཁྱིམ་གཞིས་བསྐྱར་འཛུགས་བྱ་བར་རོགས་སྐྱོར་བྱས།

ཟླ4བའི་ཚེས23ཉིན་གྱི་དུས་ཚོད18བར་དུ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོའི་ཁོངས་གཏོགས་ལ་སྤྱི་ཚོགས་ལས་རིགས་ཁག་གིས་ཞལ་འདེབས་སྒོར་མོ་ཁྲི390ལྷག་འབྱོར། དེའི་ནང་ཞིང་ཆེན་རྒྱ་གྲམ་དམར་པོའི་ཚོགས་པའི་རིམ་པས་ཞལ་འདེབས་ཕུལ་བའི་མ་དངུལ་སྒོར་ཁྲི190ལྷག་ཡོད་པ་དང་། ཁུལ་དང་ཏིས། གྲོང་ཁྱེར་གྱི་རྒྱ་གྲམ་དམར་པོའི་ཚོགས་པར་སྤྱི་ཚོགས་ལས་རིགས་ཁག་གིས་ཕུལ་བའི་ཞལ་འདེབས་སྒོར་མོ་བསྡོམས་པས་ཁྲི200ལྷག་འབྱོར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག