མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྐུ་འབུམ་དགོན་པའི་གྲྭ་བཙུན་གྱིས་ལུའུ་ཧྲན་ས་འགུལ་གནོད་ཁུལ་ལ་ཞལ་འདེབས་ཕུལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-04-24 10:52

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས23ཉིན་གྱི་སྔ་དྲོར། སྐུ་འབུམ་དགོན་པས་སི་ཁྲོན་ལུའུ་ཧྲན་ས་འགུལ་གྱི་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་འབུལ་བའི་བྱ་འགུལ་སྤེལ། སྐུ་འབུམ་དགོན་པའི་དོ་དམ་ཨུ་ཡོན་ལྷན་ཁང་དང་གྲྭ་བཙུན། ཆོས་དད་མང་ཚོགས་སྐོར་ཞིག་གིས་སྒོར256154.20ཞལ་འདེབས་སུ་ཕུལ། དེའི་ནང་སྐུ་འབུམ་དགོན་པའི་དོ་དམ་བདག་གཉེར་ཨུ་ཡོན་ལྷན་ཁང་གིས་སྒོར་ཁྲི20ཞལ་འདེབས་སུ་ཕུལ་ལ། གྲྭ་བཙུན་དང་ཆོས་དད་མང་ཚོགས་སྐོར་ཞིག་གིས་སྒོར56154ཞལ་འདེབས་སུ་ཕུལ།

ཚེས23གྱི་དུས་ཚོད8ཡས་མས་སུ། དགོན་པ་ཡོངས་ཀྱི་གྲྭ་བཙུན་བརྒྱ་ཕྲག་ལྷག་གིས་ཆོ་ག་མཇུག་བསྒྲིལ་རྗེས་ཚོགས་ཁང་འདུ་ཁང་གི་མདུན་དུ། ས་འགུལ་གནོད་ཐེབས་ས་ཁུལ་ལ་ཞལ་འདེབས་ཕུལ། གྲྭ་བ་དབང་ཕྱུག་གིས་བཤད་རྒྱུར། སི་ཁྲོན་ལུའུ་ཧྲན་ས་འགུལ་བྱུང་རྗེས། དགོན་པའི་གྲྭ་བཙུན་དག་ལ་གདུང་སེམས་ཆེན་པོ་སྐྱེས་ནས་གནོད་ཐེབས་ས་ཁུལ་ལ་བརྩེ་སེམས་འབུལ་རྒྱུའི་རེ་བ་བཏོན། དེ་རིང་ང་ཚོས་འདི་ནས་ཞལ་འདེབས་ཕུལ་བ་མ་ཟད། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་མངག་བཅོལ་གནང་སྟེ་ཞལ་འདེབས་མ་དངུལ་གནོད་ཐེབས་ས་ཁུལ་ལ་བསྐྱལ་ཏེ། ཆོས་ལུགས་མི་སྣའི་བརྩེ་བ་ཙམ་སྟོན་པ་ཡིན། ལུའུ་ཧྲན་ས་འགུལ་གནོད་ཐེབས་ས་ཁུལ་གྱི་མི་དམངས་རྣམས་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་སོ་སོ་དང་གནོད་ཐེབས་མང་ཚོགས་ཕན་ཚུན་བར་གྱི་རོགས་སྐྱོར་འོག དཀའ་ངལ་ལས་རྣམ་པར་རྒྱལ་ཏེ་ཁྱིམ་གཞི་བསྐྱར་འཛུགས་བྱེད་ཐུབ་པར་ཡིད་ཆེས་ཡོད་ཟེར།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག