མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

སྤྱི་ཟླ4བ་ནས་བཟུང་ཡུས་ཧྲུའུ་ཁུལ་གྱིས་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་བྱ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-04-24 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་སྤྱི་ཟླ4བའི་ཚེས23ཉིན་མཚོ་སྔོན་ཞིང་ཆེན་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། སྤྱི་ཟླ4ནས་བཟུང་མཚོ་སྔོན་ཞིང་ཆེན་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱིས་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་བྱ་བ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་བརྩམས།

2010ལོར། ཡུས་ཧྲུའུ་ཁུལ་ལ་ས་འགུལ་གྱི་གནོད་སྐྱོན་ཐེབས་པ་དང་། ཁུལ་ཡོངས་ཀྱི་རིམ་པ་སོ་སོས་གནོད་འགོག་རྒུད་སྐྱོབ་དང་གནོད་ཕྱིའི་བསྐྱར་འཛུགས་བྱ་བ་གནོད་གནད་དུ་བཟུང་བས། སྨན་བཅོས་ལམ་ལུགས་བསྒྱུར་བཅོས་བྱ་བ་ད་ལྟའི་བར་དུ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་མ་ཐུབ། ཡུས་ཧྲུའུ་ཁུལ་གྱི་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་བྱ་བར་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་གཏོང་ཆེད། སྤྱི་ཟླ4བའི་ཚེས21ཉིན། ཞིང་ཆེན་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་གཞུང་སྒྲུབ་ཁང་གིས་ཡུས་ཧྲུའུ་ཁུལ་གྱི་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་བྱ་བའི་འགོ་རྩོམ་ཚོགས་འདུ་བསྡུས་ཏེ། ཕྱོགས་ཡོངས་ནས་ཡུས་ཧྲུའུ་ཁུལ་གྱི་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་བྱ་བ་ལག་བསྟར་བྱས་ལ། ད་ལོའི་སྤྱི་ཟླ11པའི་ཟླ་མཇུག་སྔོན་ལ་སྨན་བཅོས་ལམ་ལུགས་བསྒྱུར་བཅོས་ཀྱི་དམིགས་ཚད་ལས་འགན་ཚང་མ་ལེགས་འགྲུབ་བྱེད་དགོས་པའི་བླང་བྱ་བཏོན། ། 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག