མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་རྒྱ་གྲམ་དམར་བོ་ཚོགས་པས་རང་ཞིང་གི་ཁྲག་རིལ་དཀར་པོའི་འབྲས་སྐྲན་བྱུང་ཡོད་པའི་དབུལ་ཕོངས་བྱིས་པ་ལ་རོགས་དངུལ་བྱིན་པ།

རྩོམ་པ་པོ། རིན་ཆེན་མཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-24 10:51

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་བོ་ཚོགས་པས2010ལོ་ནས་ད་བར་དུ་ཀྲུང་གོའི་རྒྱ་གྲམ་དམར་བོ་ཐེབས་རྩ་ཚོགས་པས་ལྷའི་ཕོ་ཉ་ཆུང་བའི་ཐེབས་རྩའི་ལས་གཞི་ལག་བསྟར་བྱས་པ་བརྒྱུད་ནས། མཚོ་སྔོན་གྱི་ཁྲག་རིལ་དཀར་པོའི་འབྲས་སྐྲན་གྱི་ནད་བྱུང་ཡོད་པའི་དབུལ་ཕོངས་ཁྱིམ་ཚང་གི་བྱིས་པ12ལ་སྒོར་ཁྲི38ཀྱི་རོགས་དངུལ་བྱིན། སྤྱི་ཟླ4བའི་ཚེས18ཉིན། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་མཚོ་སྔོན་གྱི་དབུལ་ཕོངས་ཁྱིམ་ཚང་གི་ཁྲག་རིལ་དཀར་པོའི་འབྲས་སྐྲན་བྱུང་ཡོད་པའི་བྱིས་པ6ལ་རོགས་དངུལ་སྒོར་ཁྲི3བྱིན། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག