མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ཤར་ས་ཁུལ་གྱིས་ད་ལོར་འཆར་འགོད་མ་དངུལ་སྒོར་དུང་ཕྱུར11བཏང་ནས་གནས་སྐོར་ལས་གཞི48འཛུགས་སྐྲུན་བྱེད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-04-23 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཚོ་ཤར་ས་ཁུལ་གནས་སྐོར་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་ཤར་ས་ཁུལ་གྱིས་གནས་སྐོར་ལས་གཞི48འཛུགས་སྐྲུན་བྱེད་རྒྱུའི་འཆར་གཞི་བཟོས་ཡོད་ལ། དེའི་ནང་གསར་འཛུགས་ལས་གཞི22དང་མཐུད་སྐྲུན་ལས་གཞི26ཡོད་ལ། མ་དངུལ་སྒོར་དུང་ཕྱུར11ལེགས་འགྲུབ་བྱས་པ་དང་དུས་མཉམ་ལས23%འཕར་ཡོད།

རྒྱུས་ལོན་པ་ལྟར་ན། ད་ལོར་མཚོ་ཤར་ས་ཁུལ་གྱིས་བསྡོམས་པས་གནས་སྐོར་ལས་གཞི9གཏན་འཁེལ་བྱས་ཡོད་དེ། ཧུའུ་ཀྲུའུ་ཧོར་རིགས་རང་སྐྱོང་རྫོང་གི་གནའ་མཁར་སྤྲོ་འཆམ་སྡེ་བའི་ལས་གཞི་ལ་མ་དངུལ་སྒོར་དུང་ཕྱུར1ལེགས་འགྲུབ་བྱས་ནས་སྐར་མ་རིམ་པ་ལྔ་བའི་གསོལ་མགྲོན་ཁང་དང་ཉོ་སྒྲུབ་སྲང་ལམ་སོགས་འཛུགས་སྐྲུན་བྱེད་རྒྱུ་རེད། ཞིན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་སྟོང་རི་ལྷ་མཚོ་གནས་སྐོར་མཛེས་ལྗོངས་ཁུལ་གྱི་ལས་གཞི་ལ་མ་དངུལ་སྒོར་ཁྲི3000ལེགས་འགྲུབ་བྱས་ནས། མཛེས་ལྗོངས་ཁུལ་གྱི་གཞུང་ལམ་དང་འཁྲབ་སྟོན་ཁང་། མགྲོན་ཁང་། ཟ་ཁང་བཅས་ཀྱི་སྒྲིག་ཆས་འཛུགས་སྐྲུན་བྱེད་པ། ལི་ཏུའུ་རྫོང་རིག་གནས་གནས་སྐོར་སྲང་ལམ་ལས་གཞི་ལ་མ་དངུལ་སྒོར་ཁྲི5000ལེགས་འགྲུབ་བྱས་པ་སོགས་ཡིན།

དུས་མཚུངས་སུ་ཞིང་ཆེན་གནས་སྐོར་ཅུའུ་ལ་གནས་སྐོར་མཛེས་ལྗོངས་ཁུལ་གསར་སྤེལ་དང་གནས་སྐོར་ཚོང་རྫས་གསར་སྤེལ་ཁ་གསབ། བུན་གསབ་ལས་གཞི16སྙན་ཞུ་ཕུལ་ལ། སྙན་ཞུའི་མ་དངུལ་སྒོར་ཁྲི1405ལ་སླེབས་པ་དང་། གནས་སྐོར་སྤྱོད་ཁང་ལས་གཞི15ལ་མ་དངུལ་སྒོར་ཁྲི660སྙན་ཞུ་ཕུལ་ཡོད།

དུས་ཚིགས་དང་པོའི་ནང་མཚོ་ཤར་ས་ཁུལ་གྱིས་བསྡོམས་པས་རྒྱལ་ཁབ་ཕྱི་ནང་གི་གནས་སྐོར་བ་མི་ཐེངས་ཁྲི78.83སྣེ་ལེན་བྱས་པ་དང་དུས་མཉམ་ལས10%འཕར་ཡོད། གནས་སྐོར་ཡོང་སྒོ་སྒོར་དུང་ཕྱུར1.43ལེགས་འགྲུབ་བྱས་ལ་དུས་མཉམ་ལས30%འཕར་ཞིང་། གནས་སྐོར་ལས་གཞི་ཐད་མ་དངུལ་སྒོར་ཁྲི110ལེགས་འགྲུབ་བྱས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག