མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སི་ཁྲོན་ལུའུ་ཧྲན་ས་འགུལ་ལ་སྒོར765935.80ཡི་ཞལ་འདེབས་ཕུལ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-04-23 10:37

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པ་ནས་རྒྱུས་ལོན་པ་ལྟར་ན། མིག་སྔའི་བར་དུ། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་སི་ཁྲོན་ལུའུ་ཧྲན་ས་འགུལ་ལ་སྒོར765935.80ཡི་ཞལ་འདེབས་ཕུལ།

སྤྱི་ཟླ4བའི་ཚེས20ཉིན་གྱི་དུས་ཚོད8དང་སྐར་མ02སྟེང་། སི་ཁྲོན་ལུའུ་ཧྲན་ལ4.20ས་འགུལ་ཆེན་པོ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་བྲེལ་མྱུར་ངང་མྱུར་སྐྱོབ་བརྡ་སྦྱོར་བཏང་སྟེ། སྤྱི་ཚོགས་ཡོངས་ཀྱིས་བརྩེ་སེམས་འབུལ་བར་སྐུལ་སློང་བྱས། སྤྱི་ཟླ4བའི་ཚེས22ཉིན་གྱི་དུས་ཚོད18གྱི་སྟེང་། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པར་བསྡོམས་པས་སྤྱི་ཚོགས་ཡོངས་ཀྱི་ལས་རིགས་སོ་སོའི་ཞལ་འདེབས་སྒོར1397741.70འབྱོར། མཚོ་སྔོན་ཞིང་ཆེན་རྒྱ་གྲམ་དམར་པོ་ཚོགས་པས་བརྩེ་སེམས་ཕུལ་བར་བསྡོམས་པས་སྒོར631805.90ལ་སླེབས་པ་དང་། ཁུལ་སོ་སོའི་རྒྱ་གྲམ་དམར་པོ་ཚོགས་པར་བསྡོམས་པས་སྤྱི་ཚོགས་ལས་རིགས་སོ་སོའི་བརྩེ་སེམས་ཞལ་འདེབས་སྒོར765935.80འབྱོར་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག