མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་ཟི་ཁྲོན་ཞིང་ཆེན་གྱི་གཡག་རྔའི་ས་འགུལ་གནོད་ཐེབས་ས་ཁུལ་ལ་སྒོར་ཁྲི10ཞལ་འདེབས་སུ་ཕུལ་བར་མ་ཟད་འཚམས་འདྲིའི་ཡི་གེ་བཏང་བ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:41

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ4བའི་ཚེས20ཉིན། ཟི་ཁྲོན་ཞིང་ཆེན་གྱི་གཡག་རྔ་གྲོང་ཁྱེར་གྱི་ལུའུ་ཧྲན་རྫོང་དུ་ཚད་རིམ་བདུན་གྱི་ས་འགུལ་དྲག་པོ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་ཀྱིས་དེ་མ་ཐག་ཏུ་ཟི་ཁྲོན་ཞིང་ཆེན་གྱི་ས་འགུལ་གནོད་འཚེ་ཐེབས་པའི་དབང་བོ་སྐྱོན་ཅན་རྣམས་ལ་སྒོར་ཁྲི10ཞལ་འདེབས་སུ་འབུལ་རྒྱུའི་ཐག་བཅད་པར་མ་ཟད། ཟི་ཁྲོན་ཞིང་ཆེན་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས་དང་གཡག་རྔ་གྲོང་ཁྱེར་དབང་བོ་སྐྱོན་ཅན་མཉམ་འབྲེལ་ལྷན་ཚོགས། གནོད་ཐེབས་ས་ཁུལ་གྱི་དབང་བོ་སྐྱོན་ཅན་གྱི་བྱ་བ་སྒྲུབ་མཁན་བཅས་ལ་འཚམས་འདྲིའི་ཡི་གེ་བཏང་།

འཚམས་འདྲིའི་ཡི་གེའི་ནང་བསྟན་དོན། ཕྱོགས་གཅིག་ལ་དཀའ་ཁག་ཡོད་ན། ཕྱོགས་མང་པོས་རོགས་སྐྱོར་བྱེད་དགོས། ང་ཚོས་གནོད་ཐེབས་ས་ཁུལ་གྱི་མི་དམངས་ལ་སེམས་ཁུར་བྱེད་པ་དང་། གནོད་ཐེབས་མང་ཚོགས་དང་མཉམ་དུ་དཀའ་ཁག་སེལ་འདོད་ཡོད་ལ། གནོད་ཐེབས་ས་ཁུལ་གྱི་དབང་བོ་སྐྱོན་ཅན་ལ་ཆེད་དུ་སྒོར་མོ་ཁྲི10ཞལ་འདེབས་སུ་ཕུལ་བ་ཡིན། ང་ཚོས་ནམ་ཡང་གནོད་ཐེབས་ས་ཁུལ་གྱི་གནས་ཚུལ་ལ་སེམས་ཁུར་ཆེན་པོ་བྱེད་བཞིན་ཡོད་པ་དང་། ནུས་ཤུགས་གང་ཡོད་ཀྱིས་རྒྱབ་སྐྱོར་དང་རོགས་རམ་བྱེད་རྒྱུར་གྲ་སྒྲིག་བྱེད་བཞིན་ཡོད་ཟེར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག