མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མགོ་ལོག་ཁུལ་གྱིས་ད་ལོར་དབུལ་ཕོངས་མི་གྲངས་ཁྲི1གི་ལྟོ་རྒྱབ་གནད་དོན་ཐག་གཅོད་རྒྱུ་རེད།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-04-22 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དབུལ་སྐྱོར་གསར་སྤེལ་ཅུའུ་ནས་རྒྱུས་ལོན་པ་ལྟར་ན། ཉེ་སྔོན་མགོ་ལོག་ཁུལ་གྱིས་ད་ལོའི་དབུལ་སྐྱོར་གསར་སྤེལ་བྱ་བའི་ལས་འགན་དམིགས་ཚད་གཏན་འཁེལ་བྱས་ཤིང་། འཆར་གཞི་ལྟར་ན་དབུལ་ཕོངས་མི་གྲངས10000ཇེ་ཉུང་དུ་བཏང་སྟེ། དབུལ་སྐྱོར་གསར་སྤེལ་ལག་བསྟར་བྱེད་པའི་ལས་གཞིའི་སྡེ་བའི་རོང་འབྲོག་པ་མི་རེའི་ཡོང་སྒོ་རྐྱང་བ15%ཇེ་མཐོར་གཏོང་བ་དང་། གཅིག་བསྡུའི་ཡུག་སྦྲེལ་ཐོན་ལས་ཀྱིས་སྡེ་བ་ཧྲིལ་བོར་སྐུལ་འདེད་བྱེད་པའི་སྡེ་བའི་ཁ་གྲངས་ལས་ལས་གཞི་ལག་བསྟར་སྡེ་བའི་སྤྱི་གྲངས་ཀྱི70%ཡན་ཟིན་ཡོད།

ཉེ་བའི་ལོ་འགའི་རིང་། མགོ་ལོག་ཁུལ་གྱི་དབུལ་སྐྱོར་གསར་སྤེལ་བྱ་བ་མུ་མཐུད་དུ་གཏིང་ཟབ་ཏུ་སྤེལ་བ་དང་། ན་ནིང་མགོ་ལོག་ཁུལ་གྱིས་མ་དངུལ་སྒོར་ཁྲི7424.5བཏང་ནས་དབུལ་སྐྱོར་གསར་སྤེལ་ལས་གཞི་སྐོར་ཞིག་ལག་བསྟར་བྱས་ལ། དེ་རྫོང6གི་ཤང་གྲོང38ཀྱི་སྡེ་བ60ལ་ཁྱབ་ཡོད་པ་དང་ཕན་ཁེ་ཐོབ་པའི་མི་གྲངས་ཁྱིམ་ཚང7181གི་མི27769ལ་སླེབས། ད་ལོར་བསྡོམས་པས་མི10595ཡི་ལྟོ་རྒྱབ་གནད་དོན་ཐག་བཅད་དེ་དབུལ་ཕོངས་སྡེ་བ་མི་རེའི་ཆ་སྙོམས་ཡོང་སྒོ་སྒོར1765.8ལེགས་འགྲུབ་བྱས། །

 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག