མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱིའི་ཚོགས་པས་ཟི་ཁྲོན་ལུའུ་ཧྲན་རྫོང་ལ་རོགས་སྐྱོར་བྱེད་པར་ཞལ་འདེབས་སུ་ཕུལ་བའི་གནོད་སེལ་རྒུད་སྐྱོབ་མ་དངུལ་དང་ལེན་བྱེད་མགོ་བརྩམས་པ།

རྩོམ་པ་པོ། ཞའོ་ཡན།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-04-22 10:31

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟི་ཁྲོན་ཞིང་ཆེན་གྱི་ལུའུ་ཧྲན་རྫོང་དུ་ཚད་རིམ་བདུན་གྱི་ས་འགུལ་དྲག་པོ་བྱུང་རྗེས། མཚོ་སྔོན་ཞིང་ཆེན་དགེ་སྒྲུབ་སྤྱིའི་ཚོགས་པས་དེར་ཧ་ཅང་མཐོང་ཆེན་བྱས། གནོད་སེལ་རྒུད་སྐྱོབ་དང་ས་འགུལ་གནོད་འཚེའི་རྗེས་ཀྱི་བསྐྱར་འཛུགས་བྱ་བར་ནུས་ཡོད་སྒོས་རོགས་སྐྱོར་བྱེད་པ་དང་། སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་གཅེས་སེམས་ཡོད་པའི་མི་སྣས་གནོས་ཐེབས་ས་ཁུལ་གྱི་མི་དམངས་ལ་མ་དངུལ་ཞལ་འདེབས་འབུལ་བར་སྟབས་བདེ་བསྐྲུན་པ། གནོད་ཐེབས་ས་ཁུལ་གྱི་མི་དམངས་ཀྱིས་ཁྱིམ་གཞིས་བསྐྱར་འཛུགས་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བ་མྱུར་དུ་སླར་གསོ་བྱེད་པར་རོགས་རམ་བྱེད་ཆེད། ཞིང་ཆེན་དགེ་སྒྲུབ་སྤྱིའི་ཚོགས་པས་ཚེས21ཉིན་ནས་བཟུང་ཞལ་འདེབས་འབུལ་བའི་སྒོར་མོ་དང་དངོས་པོ་དང་ལེན་བྱེད་མགོ་བརྩམས། ཞལ་འདེབས་འབུལ་བའི་ཁ་པར་ཨང་གྲངས་ནི0971----6243483དང6158016རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག