མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ57ཡོད་པ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-30 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རིག་གནས་དང་གསར་འགྱུར་པར་སྐྲུན་ཐིན་ནས་རྒྱུས་ལོན་པ་ལྟར་ན། རིག་གནས་པུའུ་ཡིས་སྐོར་བཞི་པའི་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞིའི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་མི498ཡི་མིང་ཐོ་གཏན་འཁེལ་བྱས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་དམངས་ཁྲོད་སྒྱུ་རྩལ་པ་མི17དེའི་ནང་དུ་ཚུད་ཡོད་པས། མཚོ་སྔོན་ཞིང་ཆེན་ལ་རྒྱལ་ཁབ་རིམ་པའི་གཟུགས་འདས་ཤུལ་བཞག་རིག་གནས་ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་མི57ཡོད།

ཐེངས་འདིར་མཚོ་སྔོན་གྱི་དམངས་ཁྲོད་རྩོམ་རིག་དང་སྲོལ་རྒྱུན་རོལ་མོ། སྲོལ་རྒྱུན་གླུ་གར། གཞས་མ་གཏམ། སྲོལ་རྒྱུན་མཛེས་རྩལ། སྲོལ་རྒྱུན་ལག་རྩལ། དམངས་སྲོལ་སོགས་རིགས9ཡི་ལས་གཞི33ཀྱི་འཐུས་ཚབ་རང་བཞིན་གྱི་རྒྱུད་འཛིན་པ་མི39དཔྱད་འདེམས་ཁྲོད་ཞུགས་པ་དང་། དེའི་ནང་ཧན་ཆིན་ཀུ་ལིའི་རྒྱུད་འཛིན་པ་བསོད་ཁོ་དང་བོད་རིགས་མཁར་རྔའི་ཞབས་བྲོའི་རྒྱུད་འཛིན་པ་རྡོ་རྗེ་ཚེ་རིང་དང་། བོད་ཀྱི་ཟློས་གར་རྒྱུད་འཛིན་པ་ཀླུ་བྱམས་རྒྱལ། ཀོ་བརྙན་ཟློས་གར་གྱི་རྒྱུད་འཛིན་པ་ཅིན་ཧྲིན་ཁྲང་། སྐུ་འབུམ་དགོན་པའི་མེ་ཏོག་མཆོད་མཇལ་གྱི་རྒྱུད་འཛིན་པ་བློ་བཟང་དབང་ཕྱུག བོད་ཡིག་འབྲི་རྩལ་གྱི་རྒྱུད་འཛིན་པ་བཟང་དཀར་དར་རྒྱས། བོད་རིགས་རྫ་ཆས་བཟོ་རྩལ་རྒྱུད་འཛིན་པ་པདྨ་ཆོས་རྒྱལ། རེབ་གོང་དྲུག་པའི་ཀླུ་རོལ་གྱི་རྒྱུད་འཛིན་པ་ཏིང་འཛིན་འབུམ་དང་ཤ་བོ་ཚེ་རིང་། བོད་རིགས་རྒྱན་གོས་རྒྱུད་འཛིན་པ་བསྟན་འཛིན་རྡོ་རྗེ་སོགས་མི17དེའི་ནང་དུ་ཚུད་ཡོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག