མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་རྒན་གསོ་ཉེན་ཚབ་བྱ་བའི་ཐད་ནས་གྲུབ་འབྲས་བཟང་བོ་བླངས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:12

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2012ལོར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱིས་བྱེད་ཐབས་ལ་ཤུགས་སྣོན་དང་ལས་འགན་ལག་བསྟར་བྱས་ཏེ། ཁུལ་ཡོངས་ཀྱི་རྒན་གསོ་ཉེན་ཚབ་བྱ་བར་ཕྱོགས་ཡོངས་ནས་ཡར་སྐུལ་བྱས། བྱ་བ་ཞིབ་རྒྱས་ནི་རྒན་གསོ་ཉེན་ཚབ་ནང་ཞུགས་པའི་མི་སྒེར་གྱི་ཆ་འཕྲིན་ལ་ནན་ཏན་སྒོས་དཔྱད་ཞིབ་བྱས་ནས་སྤྱི་ཚོགས་ཉེན་ཚབ་མ་དངུལ་བདེ་འཇགས་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱས་པ་དང་། སྔར་ལས་ལྷག་པའི་སྒོ་ནས་སྲིད་ཇུས་དྲིལ་སྒྲོག་བྱ་བར་ཤུགས་སྣོན་བྱས་ནས«སྤྱི་ཚོགས་ཉེན་ཚབ་བཅའ་ཁྲིམས»དང«གཞུང་དོན་དུ་རྨས་ཕོག་པའི་སྲོལ་ཡིག»ལག་བསྟར་དངོས་འབེབས་བྱེད་པ་གོ་སྐབས་སུ་བཟུང་ནས། འབད་བརྩོན་ཆེན་པོས་སྤྱི་ཚོགས་ཉེན་ཚབ་སྲིད་ཇུས་དྲིལ་སྒྲོག་བྱས་ཏེ་ཉེན་ཚབ་ནང་ཞུགས་པའི་མིའི་ཉེན་ཚབ་སྲིད་ཇུས་ཐད་ཀྱི་ཤེས་བྱའི་ཆུ་ཚད་མཐོར་འདེགས་སུ་བཏང་། དེ་དང་མཉམ་དུ་ཞབས་ཞུའི་སྤུས་ཚད་མཐོར་འདེགས་སུ་བཏང་ནས་མི་དམངས་མང་ཚོགས་ཀྱིས་མི་ཤེས་པའི་གནད་དོན་སྣ་ཚོགས་ལ་ལན་གསལ་བོར་བཏབ།

2012ལོའི་ལོ་མཇུག་བར་དུ་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་དུ་ཁྱིམ་ཚང528ཀྱི་མི་13090སྤྱི་ཚོགས་ཉེན་ཚབ་ནང་ཞུགས་ཡོད་པ་དང་ལོ་ཚད་ཀྱི་ལས་འགན་གྱི་བརྒྱ་ཆའི་བརྒྱ་དང་དགུ་ཡོངས་འགྲུབ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག