མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས་པ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-30 10:09

1.jpg

སྤྱི་ཟླ1པོའི་ཚེས29ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་བསྡུས།

11.jpg

ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅོན་གྱིས་ཚོགས་འདུར་མགོ་འཛིན་བྱས།

6.jpg

བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དང་ཀྲུའུ་རིན་གཞོན་པ། དྲུང་ཡིག་ཆེན་མོ།

7.jpg

བདམས་ཐོན་བྱུང་བའི་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་དང་ཧྲིན་ཀྲང་གཞོན་པ།

8.jpg

བདམས་ཐོན་བྱུང་བའི་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོས་དེ་རིང་སྔ་དྲོར་ཚང་འཛོམས་གྲོས་ཚོགས་ ཐེངས་གསུམ་པ་བསྡུས།

    ཚོགས་འདུ་ལ་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་ཝང་ཅན་ཅོན་གྱིས་མགོ་འཛིན་བྱས།

    ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི། ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་མའོ་ཞའོ་པེན་དང་ཀྲུའུ་ཁྲུན་ཡུན། ཏུའུ་ཅེ། ཡན་ཅིན་ཧེ། ཞའོ་ཧོས་ཉིན། ཀའོ་ཏ་ཝེ། ཅིན་ཧྲིན་ཀོང་། ཀྲའོ་ཡུང་ཞང་། ཀི་རི་ལེ། མན་ཞའོ་ཧུང་། ཀྲའོ་ཞི་ཕེན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

    ཆང་ཝེ་དང་། ལོ་ཧོས་ཉིན། རིན་ཆེན་རྒྱལ། ཞུའུ་ཧྥུའུ་ཧྲུན། ལོ་ཡུས་ལིན། ཅི་ཏིས་མ་ཅ། རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ལིན་ཅོན། ཝང་ཞའོ་ཆིན། སུའུ་ཉིན། ཝུའུ་ཡུས་ཏི། མའོ་ཞའོ་པེན། བསྟན་ཁོ་བཅས་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་སྲིད་གྲོས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་འགན་ཁུར་བློ་མཐུན་དང་ཀྲུའུ་ཞི་ཚོགས་པའི་ཁོངས་མི་རྣམས་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

    ཚོགས་འདུར་ཞུགས་དགོས་པའི་འཐུས་མི་སུམ་བརྒྱ་དང་གོ་བརྒྱད་ཡོད་པ་དང་། འཐུས་མི་སུམ་བརྒྱ་དང་གོ་གཉིས་ཚོགས་འདུར་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

    དུས་ཚོད་དགུ་དང་ཕྱེད་ཀ་ཙམ་གྱི་སྟེང་། འདེམ་བསྐོ་མགོ་བརྩམས། འདེམ་བསྐོའི་བྱ་བ་དེ་འདེམ་བསྐོ་བྱེད་ཐབས་དང་བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་གོ་རིམ་ལྟར་གཟབ་ནན་སྒོས་སྤེལ། བྱ་བ་སྒྲུབ་མཁན་གྱིས་འདེམ་ཤོག་ལྟ་སྐུལ་པའི་ལྟ་སྐུལ་འོག ཕྱིར་བསྡུས་པའི་འདེམ་ཤོག་རྣམས་བརྩིས་རྗེས། སྤྱིའི་འདེམ་ཤོག་ལྟ་སྐུལ་པས་ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞི་ལ་འདེམ་ཤོག་འཕངས་པའི་གནས་ཚུལ་ཡར་ཞུ་བྱས། ཚོགས་ཆེན་གྱི་ལག་བསྟར་ཀྲུའུ་ཞིས་ཚོགས་ཆེན་སྟེང་འདེམ་ཤོག་སུམ་བརྒྱ་དང་གོ་གཉིས་བྱིན་པ་དང་། འདེམ་ཤོག་སུམ་བརྒྱ་དང་གོ་གཉིས་ཕྱིར་བསྡུས་པས། འདེམ་བསྐོར་ཕན་ནུས་ལྡན་ཞེས་བསྒྲགས།

    འདེམ་ཤོག་བརྩིས་རྗེས། ཆང་ཝེ་མཚོ་སྔོན་ཞིང་ཆེན་མི་དམངས་འཐུས་མིའི་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ལ་བདམས་པ་དང་། ལོ་ཧོས་ཉིན་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་ལ་བདམས་ཤིང་། མུའུ་ཏུང་ཧྲིན་དང་། ཧྲིན་ཧི། སྟག་འབུམ་ཐར། དབང་མོ། ཚའོ་ཝུན་ཧུའུ། མཱ་ཝེ། ཚའོ་ཧུང་བཅས་ཀྲུའུ་རིན་གཞོན་པར་བདམས་པ་དང་། ཚའེ་ཏི་ཀོས་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོར་བདམས་ལ། ཞུའུ་ཧྥུའུ་ཧྲུན་དང་། ལོ་ཡུས་ལིན། ཀའོ་ཡུན་ལུང་། ཀྲང་ཀོང་རོང་། མཱ་ཧྲུན་ཆིན། ཀྲང་ཅན་མེན། ལིག་ཀྲི་ཆང་། ཡན་ཅིན་ཧེ།  ཁྲིན་ལིས་ཧྭ་བཅས་མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པར་བདམས་པ་དང་། ཏུང་ཁའེ་ཅུན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་དང་ཝང་ཞའོ་ཡུང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོར་བདམས་པ་ཁྱབ་བསྒྲགས་བྱས་པ་ན། ཚོགས་ར་ཡོངས་སུ་ཡུན་རིང་བོར་སྤྲོ་སེམས་འཁོལ་བའི་ཐལ་མོ་རྡེབ་སྒྲས་ཁེངས།  །
 

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག