མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་མཇུག་བསྒྲིལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-29 10:38

སྤྱི་ཟླ1པོའི་ཚེས28ཉིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་མཇུག་བསྒྲིལ། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་ཡིས་གསུང་བཤད་གལ་ཆེན་གནང་།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། མཚོ་སྔོན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོ་བདེ་བླག་ངང་ལས་འགན་སོ་སོ་ལེགས་འགྲུབ་བྱས་ཏེ། སྤྱི་ཟླ1པོའི་ཚེས28ཉིན་གྱི་སྔ་དྲོར་མཚོ་སྔོན་ཚོགས་འདུ་ལྟེ་གནས་སུ་རྒྱལ་ཁའི་ངང་མཇུག་བསྒྲིལ།

    ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་དང་ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་རིན་ཆེན་རྒྱལ། ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན། ལའོ་ཁྲོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མ་ཀྲི་ཝེ། མ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། རྫོང་ཁང་དང་། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་སྟེང་བཞུགས་ཡོད།

    ལའོ་ཧུའེ་ཉིན་དང་པདྨ། ཝང་ཅན་ཅིན། ཞུའུ་ཧྥུ་ཧྲིན། ལའོ་ཡུས་ལིན། ཅི་ཏེ་མ་ཅ། རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ལིན་ཅིན། ཝང་ཞའོ་ཆིན། སུའུ་ཉིན། ཝུའུ་ཡུས་ཏིག མའོ་ཞའོ་པིན། བསྟན་ཁོ་བཅས་གདན་ཞུ་བྱས་ཏེ་ཚོགས་འདུར་ཞུགས་པ་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།

    ཚོགས་འདུ་ལ་ཞུགས་དགོས་པའི་ཨུ་ཡོན་མི399ཡིན་ལ། ཚོགས་འདུར་དངོས་སུ་ཞུགས་པའི་ཨུ་ཡོན་མི356ཡོད་པས་བཅའ་ཁྲིམས་ལས་གཏན་འཁེལ་བྱས་པའི་མི་གྲངས་དང་མཐུན།

    རིན་ཆེན་རྒྱལ་གྱིས་མཇུག་བསྡུའི་ཚོགས་འདུར་འགོ་འཛིན་བྱས།

    ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་ཡིས་གསུང་བཤད་གལ་ཆེན་གནང་། ། 

  

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག