མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

གཅན་ཚ་རྫོང་གིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་བཏང་བ་སྒོར་དུང་ཕྱརུ10ལས་བརྒལ་བ།

རྩོམ་པ་པོ། རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  ཡོང་ཁུངས། མཚོ་སྔོན་གསར་འགྱུར་དྲ་བ།  2013-01-29 10:38

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2012ལོར། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གིས་ལས་གཞི་ལག་བསྟར་བྱེད་པ་དེ་ཡོང་སྒོ་སྤེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཏུ་བརྩིས་པ་རྒྱུན་བསྐྱངས་ཏེ། ལས་གཞིའི་དུས་སྐབས་སྔོན་མའི་དངུལ་གཏོང་ལ་ཤུགས་བསྣན་ནས་འབྲེལ་མཐུད་བརྩོན་ལེན་ལ་ཤུགས་སྣོན་པ་དང་ལས་གཞིའི་བྱ་བར་བརྟན་བརླིང་ངང་སྐུལ་འདེད་བྱས། ལས་གཞིའི་སྙན་ཞུ་ཁྱབ་ཁོངས་ལ་གྲོང་རྡལ་གྱི་རྨང་གཞི་སྒྲིག་ཆས་དང་ཞིང་ཕྱུགས་ཆུ་བེད། སྐྱེ་ཁམས་སྲུང་སྐྱོང་སོགས་རིགས8ཀྱི་ལས་གཞི123ལ་ཁྱབ་ཡོད་པ་དང་སྤྱིའི་མ་དངུལ་སྒོར་དུང་ཕྱུར28.62ལ་སླེབས། ལས་གཞིའི་དུས་སྐབས་སྔོན་མའི་འགྲོ་གྲོན་སྒོར་ཁྲི152དངོས་འབེབས་བྱས་ཏེ་ལས་གཞི་གཙོ་བོ་དང་ཆེ་གྲས་ཁག་གི་དུས་སྐབས་སྔོན་མའི་བྱ་བ་བདེ་བླག་ངང་སྤེལ་བར་ཁག་ཐེག་བྱས། དུས་མཚུངས་སུ། ནན་ཏན་སྒོས་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པའི་ལས་གཞི་གཙོ་བོ་དང་ཆེ་གྲས་ཁག་གི་འགན་འཁྲི་ལམ་ལུགས་ལག་བསྟར་བྱས་ནས་སྙན་ཞུ་དང་བརྩོན་ལེན། དངོས་འབེབས། མཐུན་སྦྱོར་སོགས་ཀྱི་ཞབས་ཞུ་བྱ་བ་ལེགས་པོར་སྒྲུབ། རྫོང་ཡོངས་སུ་ལས་གཞི190འཛུགས་སྐྲུན་བྱེད་འགོ་བརྩམས་པ་དང་། ལས་གཞི110ལེགས་འགྲུབ་བྱས། གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར12.7154བཏང་བ་དང་སྒོར་དུང་ཕྱུར10ཡི་འགག་སྒོ་བརྒལ་ཏེ་དུས་མཉམ་ལས49.59%འཕར། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག