མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ་བ།

  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-29 10:35

3.jpg

སྤྱི་ཟླ1པོའི་ཚེས28ཉིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

1.jpg

ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་ཡིས་ཚོགས་འདུ་གྲོལ་བའི་མཛད་སྒོའི་སྟེང་གཏམ་གལ་ཆེན་བཤད།

2.jpg

རིན་ཆེན་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱེད་བཞིན་པ།

4.jpg

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ།

5.jpg

རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་དུ་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་རྒྱལ་ཁའི་ངང་གྲོལ།

    ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་རིམ་སྣ་ཚོགས་ཕུན་སུམ་ཚོགས་པའི་ངང་ལེགས་འགྲུབ་བྱུང་ནས་སྤྱི་ཟླ1པོའི་ཚེས28ཉིན་གྱི་སྔ་དྲོར་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ནས་རྒྱལ་ཁའི་ངང་གྲོལ།

    རིན་ཆེན་རྒྱལ་གྱིས་ཚོགས་འདུར་མགོ་འཛིན་བྱས།

    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་དང་། ཞིང་ཆེན་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཁྲིན་ཙི་ཆོན་དང་ལོ་ཁྲའོ་དབྱང་། པའོ་དབྱི་ཀྲི། རིན་ཆེན་རྣམ་རྒྱལ། མཱ་ཀྲི་ཝེ། མཱ་ཁྲང་ཆིན། ལིས་ཞོན་ཧྲིན། ཀྲང་ཧྲིག་ཁྲིན། ཅི་རིན་ཧྥིན། གཟིམ་ཁང་ཚང་། དྲུང་ཡིག་ཆེན་མོ་ཝང་ཅིན་བཅས་ཀྲུའུ་ཞི་སྟེགས་བུའི་མདུན་གྲལ་དུ་བསྡད་ཡོད།

    ལོ་ཧོས་ཉིན་དང་། པད་མ། ཝང་ཅན་ཅོན། ཞུའུ་ཧྥུའུ་ཧྲུན། ལོ་ཡུས་ལིན། ཅི་ཏིས་མ་ཅ། རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ལིན་ཅོན། ཝང་ཞའོ་ཆིན། སུའུ་ཉིན། ཝུའུ་ཡུས་ཏི། མའོ་ཞའོ་པེན། བསྟན་ཁོ། མུའུ་ཏུང་ཧྲིན། དབང་མོ། ཚའོ་ཝུན་ཧུའུ། ཀའོ་ཡུན་ལུང་བཅས་དང་། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་སྲིད་གཞུང་། ཞིང་ཆེན་དམག་ཁུལ་བཅས་ཀྱི་མགོ་ཁྲིད་པ། བཅའ་སྡོད་དམག་དཔུང་དང་དྲག་ཆས་ཉེན་རྟོག་སྤྱི་ཁྱབ་རུ་ཁག ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་བཅས་ཀྱི་མགོ་ཁྲིད་བློ་མཐུན་ཚོགས་འདུར་ཞུགས་པར་མ་ཟད་ཀྲུའུ་ཞི་སྟེགས་བུའི་སྟེང་བསྡད་ཡོད།
གྲོས་ཚོགས་ལ་ཞུགས་དགོས་པའི་ཨུ་ཡོན་སུམ་བརྒྱ་དང་གོ་དགུ་ཡོད་པ་དང་། ཨུ་ཡོན་སུམ་བརྒྱ་དང་ང་དྲུག་ཚོགས་འདུར་ཞུགས་པས། བཅའ་ཁྲིམས་ཀྱིས་གཏན་ཁེལ་བྱས་པའི་མི་གྲངས་དང་མཐུན།

    གྲོས་ཚོགས་ནས་རིམ་པ་བཞིན་ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་བའི་ཨུ་ཡོན་ལྷན་ཁང་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུའི་གྲོས་ཆོད་དང་། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཞིབ་བཤེར་གནས་ཚུལ་སྐོར་གྱི་སྙན་ཞུ། ཀྲུང་གོ་མི་དམངས་ཆབ་སྲིད་གྲོས་མོལ་ཚོགས་འདུ་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོའི་ཆབ་སྲིད་གྲོས་ཆོད་བཅས་ལ་གྲོས་འཆམ་བྱུང་།

    ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཆང་ཝེ་ཡིས་ཚོགས་འདུ་གྲོལ་བའི་མཛད་སྒོའི་སྟེང་གཏམ་གལ་ཆེན་བཤད།

    ཆང་ཝེ་ཡིས་བསྟན་དོན། འདས་པའི་ལོ་ལྔའི་རིང་ལ། ཞིང་ཆེན་སྲིད་གྲོས་ཀྱིས་ཏིན་ཞའོ་ཕེན་གྱི་རིགས་པའི་གཞུང་ལུགས་དང་མཚོན་བྱེད་གསུམ་གྱི་དགོངས་པ་གལ་ཆེན། ཚན་རིག་གི་འཕེལ་རྒྱས་ལྟ་བ་བཅས་མཛུབ་སྟོན་དུ་བཟུང་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པར་བྱས་ཤིང་། ཞིང་ཆེན་ཡོངས་ཀྱི་ཆེ་ཕྱོགས་ལ་དམ་དུ་དམིགས་ཏེ་ཆབ་སྲིད་གྲོས་མོལ་དང་དམངས་གཙོའི་ལྟ་སྐུལ། སྲིད་ཞུགས་སྲིད་གླེང་བཅས་ཀྱི་འགན་ནུས་ལག་བསྟར་ནན་མོ་བྱས་ནས། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པར་ནུས་པ་ བཟང་བོ་བཏོན་པ་དང་བྱས་རྗེས་གལ་ཆེན་བཞག་ཟེར།

    ཆང་ཝེ་ཡིས་ནན་གྱིས་བསྟན་དོན། ན་ནིང་གི་ཟླ་བཅུ་གཅིག་པར། ཀྲུང་གོ་གུང་ཁྲན་ཏང་གི་རྒྱལ་ཡོངས་འཐུས་མིའི་ཚོགས་ཆེན་ཐེངས་བཅོ་བརྒྱད་པས་རྒྱལ་ཡོངས་མི་དམངས་ལ་བློ་བརྟན་འགྱུར་མེད་སྒོས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བགྲོད་ལམ་སྟེང་མདུན་སྐྱོད་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་འབད་འཐབ་བྱེད་དགོས་པའི་རླབས་ཆེན་འབོད་སྒྲ་བསྒྲགས་པ་དང་། ན་ནིང་གི་ཟླ་ལྔ་བར། ཀྲུང་གོ་གུང་ཁྲན་ཏང་མཚོ་སྔོན་ཞིང་ཆེན་གྱི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པས་རྒྱལ་ཁབ་ཀྱི་འཁོར་སྐྱོད་དཔལ་འབྱོར་སྔོན་བསྐྱོད་ཁུལ་དང་སྐྱེ་ཁམས་དཔལ་ཡོན་སྔོན་སྐྱོད་ཁུལ། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་ཁུལ་བཅས་འཛུགས་སྐྲུན་བྱེད་པའི་འཐབ་ཇུས་ཀྱི་ལས་འགན་དང་། མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པའི་འབད་འཐབ་ཀྱི་དམིགས་འབེན་བཏོན། གནས་བབ་གསར་བ་དང་ལས་འགན་གསར་བའི་མདུན་ནས། ང་ཚོས་སྔོན་ཆད་ཀྱི་དུས་ནམ་ཞིག་ལས་ཀྱང་གཅིག་བསྡུས་བྱས་ཆོག་པའི་སྟོབས་ཤུགས་ཡོད་ཚད་གཅིག་བསྡུས་དང་མཐུན་སྒྲིལ་བྱས་ཆོག་པའི་ཕྱོགས་སོ་སོར་མཐུན་སྒྲིལ་བྱས་ཏེ། མཚོ་སྔོན་གྱི་འཕེལ་རྒྱས་ཐད་ལ་སྟོབས་ཤུགས་འབུལ་དགོས་ཟེར།

    ཆང་ཝེ་ཡིས་རིམ་པ་སོ་སོའི་སྲིད་གྲོས་ཀྱིས་ཀྲུང་གོ་གུང་ཁྲན་ཏང་གིས་མགོ་ཁྲིད་པའི་ཏང་མང་མཉམ་ལས་དང་ཆབ་སྲིད་གྲོས་མོལ་གྱི་ལམ་ལུགས་འདིའི་ཁྱད་སྟོབས་ལ་བརྟེན་པ་དང་། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱལ་ཀྱི་ཆེ་ཕྱོགས་ལ་དམ་དུ་དམིགས་ཤིང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་ཁོང་དུ་དམ་པོར་ཆུད་པར་བྱས་ཏེ། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཡར་བརྩོན་གྱི་བྱ་བ་མང་ཙམ་བསྒྲུབ་པ་དང་། འབྲེལ་བ་མཐུན་སྦྱོར་དང་འགལ་བ་ཐག་གཅོད་ཀྱི་བྱ་བ་མང་ཙམ་བསྒྲུབ་པ། མང་ཚོགས་ལ་འབྲེལ་འདྲིས་དང་བརྟན་འཇགས་ལ་ཡར་སྐུལ་བྱེད་པའི་བྱ་བ་མང་ཙམ་བསྒྲུབ་སྟེ། ཞིང་ཆེན་ཡོངས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྔར་ལས་ཆེ་བའི་བྱས་རྗེས་གསར་བ་འཇོག་དགོས་ཏེ། གཅིག་ནས་ཐུན་མོང་གི་ཕུགས་བསམ་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། གཉིས་ནས་ཐུན་མོང་གི་ལས་དོན་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྒྲིལ་བྱེད་དགོས། གསུམ་ནས་འཐུས་སྒོ་ཚང་བའི་ལམ་ལུགས་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། བཞི་ནས་འཆམ་མཐུན་གྱི་ཁོར་ཡུག་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས། ལྔ་ནས་སྟོབས་ལྡན་གྱི་མགོ་ཁྲིད་ལ་བརྟེན་ནས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་པའི་རེ་བ་བཏོན།

    ཆང་ཝེ་ཡིས་བསྟན་དོན། གནས་བབ་གསར་བའི་འོག་གི་མི་དམངས་སྲིད་གྲོས་ལས་དོན་གོང་འཕེལ་དུ་གཏོང་བ་དང་། མཚོ་སྔོན་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེན་པོ་གཅིག་སྡུད་བྱེད་པའི་འགན་འཁྲི་གཟི་བརྗིད་ལྡན་ཞིང་ལས་འགན་ཧ་ཅང་ལྗིད་པས། ང་ཚོས་བློ་མཐུན་ཞི་ཅིན་ཕེན་སྤྱི་ཁྱབ་ཧྲུའུ་ཅི་ཡིན་པའི་ཀྲུང་གུང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་ལས་དམ་པོ་བྱས་ཏེ། མཐུན་སྒྲིལ་གཅིག་གྱུར་དང་དཀའ་སྤྱད་འབད་བརྩོན། ཡར་བརྩོན་ལྷོད་མེད། དཀའ་ངལ་ཁྱད་བསལ་བཅས་བྱས་ཏེ། མཚོ་སྔོན་གསར་བ་འཛུགས་སྐྲུན་བྱེད་པ་དང་། འཚོ་བ་གསར་བ་གསར་སྐྲུན་བྱེད་པ། ཕྱོགས་ཡོངས་ནས་འབྱོར་འབྲིང་གི་ཕྱོགས་སུ་བསྐྱོད་པ་བཅས་ཀྱི་རྣམ་པ་གསར་བ་བསྐྲུན་དགོས་ཟེར།

    རིན་ཆེན་རྒྱལ་གྱིས་ཚོགས་ཐོག་ནས་གཏམ་བཤད་སྐབས་བཤད་རྒྱུར། སྲིད་གྲོས་མཚོ་སྔོན་ཞིང་ཆེན་སྐབས་བཅུ་གཅིག་པའི་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དང་པོ་ནི་ཞིང་ཆེན་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ཀྱིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་དགོངས་དོན་དང་། མཚོ་སྔོན་ཞིང་ཆེན་ཏང་གི་འཐུས་མིའི་ཚོགས་ཆེན་ཐེངས་བཅུ་གཉིས་པའི་དགོངས་དོན་ལ་སློབ་སྦྱོང་ཟབ་མོ་བྱས་ཏེ། འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་གསར་བ་ལེན་པར་འབད་འབུངས་བྱེད་པའི་གནས་བབ་གསར་བའི་འོག་ཏུ་ཚོགས་པ་རེད། ཚོགས་འདུའི་སྐབས་སུ་ཨུ་ཡོན་རྣམས་ཀྱིས་ཏང་དང་མི་དམངས་ཀྱི་མངགས་བཅོལ་ནན་མོ་སེམས་སུ་བཅངས་ནས་དུས་རབས་འཕེལ་རྒྱས་ཀྱི་ཁ་ཕྱོགས་ཁོང་དུ་ཆུད་པར་བྱས་པ་དང་། དམངས་གཙོ་གྲོས་མོལ་གྱི་གོམས་སྲོལ་བཟང་བོ་དར་སྤེལ་དུ་བཏང་སྟེ་སྲིད་གཞུང་བྱ་བའི་སྙན་ཞུ་དང་སྲིད་གྲོས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བྱ་བའི་སྙན་ཞུ། འབྲེལ་ཡོད་སྙན་ཞུ་བཅས་ལ་གྲོས་བསྡུར་ཟབ་མོ་བྱས་ནས། ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཆེ་ཕྱོགས་ལ་དམ་དུ་དམིགས་ཏེ་རིན་ཐང་ཡོད་པའི་བསམ་འཆར་དང་གྲོས་གཞི་མང་བོ་བཏོན་པ་དེས་མི་དམངས་སྲིད་གྲོས་ཀྱི་ཆབ་སྲིད་རྩ་འཛུགས་དང་དམངས་གཙོ་རྣམ་པའི་ཐུན་མིན་ཁྱད་ཆོས་མངོན་པ་དང་། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་མཚོ་སྔོན་གསར་བ་འཛུགས་སྐྲུན་དང་འཚོ་བ་གསར་བ་གསར་སྐྲུན་བྱེད་པར་རང་གི་ནུས་ཤུགས་འབུལ་བའི་རྣམ་པ་མངོན་ཡོད་ཟེར།

    རིན་ཆེན་རྒྱལ་གྱིས་བཤད་རྒྱུར། ང་ཚོས་ཧྲུའུ་ཅི་ཆང་ཝེ་ཡིས་གནང་བའི་གཏམ་བཤད་གལ་ཆེན་གྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དངོས་འབེབས་བྱས་ཏེ། སྲིད་གྲོས་བྱ་བ་བཟང་བོར་སྒྲུབ་པའི་འགན་འཁྲིའི་རང་བཞིན་སྔར་ལས་ཇེ་དྲག་ཏུ་གཏོང་བ་དང་། མཐུན་སྒྲིལ་དང་དམངས་གཙོའི་བརྗོད་བྱ་གཙོ་བོ་ཁོང་དུ་ཆུད་པར་བྱེད་པ། དུས་རབས་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་བསྟུན་ནས་འགན་ནུས་སྣ་ཚོགས་རང་འགུལ་སྒོས་ལག་བསྟར་བྱས་ཤིང་། སྲིད་གྲོས་བྱ་བའི་རྣམ་པ་གསར་བ་རྒྱུན་ཆད་མེད་པར་གསར་བསྐྲུན་བྱས་ཏེ། མཚོ་སྔོན་གྱི་མི་དམངས་སྲིད་གྲོས་ལས་དོན་གྱི་འཕེལ་རྒྱས་གསར་བ་མངོན་འགྱུར་བྱས་ནས། མཚོ་སྔོན་གྱིས་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་ཕྱོགས་ཡོངས་ནས་འགྲུབ་པར་བྱེད་པར་སྔར་ལས་ལྷག་པའི་བྱས་རྗེས་འཇོག་དགོས་ཟེར།

    ཚོགས་འདུ་རྔམ་བརྗིད་ལྡན་པའི་རྒྱལ་གླུའི་ཁྲོད་ནས་གྲོལ། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག