མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་གྱིས་འགྲོ་སོང་མང་དུ་བཏང་ནས་ལོ་ལྔའི་རྗེས་སུ་རང་ཞིང་ནགས་ཚལ་གྱི་ཁེབས་ཚད6.8%དུ་བསླེབ་པར་བརྩོན་ལེན་བྱེད་རྒྱུ་ཡིན་པ།

རྩོམ་པ་པོ། ཀླུ་འབུམ་བྱམས།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-28 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  2017ལོར་མཚོ་སྔོན་གྱིས་ནགས་ལས་འཛུགས་སྐྲུན་ཐད་འགྲོ་སོང་གཏོང་ཚད་སྒོར་དུང་ཕྱུར130ལྷག་ཏུ་བསླེབ་པར་བརྩོན་བྱས་ཏེ། ས་ཆུ་སྲུང་འཛིན་ནགས་ཚལ་དང་། ཆུའི་འབྱུང་ཁུངས་གསོ་བའི་ནགས་ཚལ་གཙོ་ཡིན་པའི་ནགས་ཚལ་སྐྱེ་ཁམས་མ་ལག་རགས་ཙམ་བསྐྲུན་པ་དང་། ཉམས་ཟིན་པའི་བརླན་སའི་སྐྱེ་ཁམས་མ་ལག་ཁ་ཤས་བཅོས་སྐྱོང་དང་སླར་གསོ། སྐྱེ་ཁམས་ཀྱི་རྣམ་པ་ཡོངས་ཁྱབ་ཏུ་སྡུག་ཏུ་ཡིན་པའི་གནས་ཚུལ་ཇེ་ལེགས་སུ་གཏོང་བ་དང་། མཁར་གྲོང་གཙོ་བོའི་འཚོ་སྡོད་ཁོར་ཡུག་མངོན་གསལ་དུ་ལེགས་བཅོས་བྱེད་པ་བཅས་ཀྱི་དམིགས་ཡུལ་དུ་བསླེབ་པར་བྱེད་རྒྱུ་རེད།

ཕྱིན་ཆད་ཀྱི་ལོ་ལྔའི་ནང་དུ། མཚོ་སྔོན་གྱིས་བྱེད་ནུས་ཡོངས་སུ་འཛོམས་པའི་ནགས་ལས་སྐྱེ་ཁམས་དང་། གཞི་ཁྱོན་རགས་ཙམ་ཆགས་པའི་ནགས་ལས་ཐོན་ལས། སྟོབས་དང་ལྡན་པའི་ནགས་ལས་འགན་སྲུང་། དར་རྒྱས་ཆེ་བའི་ནགས་ལས་སྐྱེ་ཁམས་རིག་གནས། ནུས་ཤུགས་ལྡན་པའི་ནགས་ལས་རྨང་གཞིའི་རྒྱབ་བརྟེན་བཅས་མ་ལག་ཆེན་པོ་ལྔ་བསྐྲུན་རྒྱུ་དང་། 2017ལོར་རང་གིས་ནགས་ཚལ་གྱི་ཁེབས་ཚད་ད་ལྟའི5%ལྷག་ནས6%ལྷག་དང་། ནགས་ཚད་ཀྱི་རྒྱ་ཁྱོན་མུའུ་ཁྲི1200ལ་བསླེབ་པར་བརྩོན་ལེན་བྱེད་རྒྱུ་རེད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག