མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་འཛམ་གླིང་སྟེང་གི་ཉི་འོད་ནུས་པའི་ནུས་ཁུངས་རྟེན་གཞི་གཙོ་བོ་ཞིག་ཏུ་གྱུར་བ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-28 10:32

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་ལོ་ཧོས་ཉིན་གྱིས་སྲིད་གཞུང་བྱ་བའི་སྙན་ཞུའི་ཁྲོད་དུ་བཏོན་པའི་མཚོ་སྔོན་ཞིང་ཆེན་གྱིས་སའི་གོ་ལའི་སྟེང་དུ་གཞི་ཁྱོན་ཆེས་ཆེ་བའི་ཉི་འོད་ནུས་པའི་གློག་འདོན་ས་ཚིགས་བཙུགས་པ་དང་། ད་ལོར་ཡང་ཉི་འོད་ནུས་པའི་བེད་སྤྱོད་གློག་འདོན་ས་ཚིགས་ཀྲོ་བ་སྟོང་གཅིག་ཡན་ཆད་གསར་དུ་བཙུགས་ནས། འཛམ་གླིང་སྟེང་དུ་ཆེས་ཆེ་བའི་ཉི་འོད་ནུས་པའི་ནུས་ཁུངས་རྟེན་གཞི་ཞིག་ཏུ་གྱུར།

གློག་དྲས་ཉི་འོད་ནུས་པའི་གློག་འདོན་ཐུབ་པའི་ནུས་པ་ཡར་སྐུལ་བྱེད་ཆེད། མཚོ་སྔོན་ཞིང་ཆེན་གྱིས་ན་ནིང་ལོར་མདོ་དབུས་དྲ་འབྲེལ་དང་། མཚོ་སྔོན་དང་ཞིན་ཅང་བར་གྱི་དྲ་འབྲེལ། ཡུས་ཧྲུའུ་དྲ་འབྲེལ་སོགས་བཟོ་སྐྲུན་འཛུགས་སྐྲུན་གལ་ཆེན་རབ་དང་རིམ་པ་ཡོངས་འགྲུབ་བྱས་པ་མ་ཟད། ནུས་ཁུངས་གསར་བའི་ནུས་པའི་ཐབས་ལམ་འཚོལ་ཞིབ་བྱས་པ་དང་། ཆུ་དང་གློག་གི་རིན་གོང་ཁྱད་སྟོབས་བེད་སྤྱད་དེ། ཆུ་དང་གློག ཉི་འོད་ནུས་པ་བཅས་ཀྱི་གློག་འདོན་ཚད་བདེ་བླག་ངང་ཡོངས་འགྲུབ་བྱས་ནས། ཉི་འོད་ནུས་པའི་གློག་འདོན་ཚད་ས་ཁུལ་ལས་རྒལ་བ་དང་བེད་སྤྱོད་པ་རེད།

ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་ད་རུང་གཅིག་བསྡུས་དང་ཁག་བགོས་པ་གཉིས་ཟུང་དུ་སྦྲེལ་བའི་རྣམ་པ་ལྟར། ཉི་འོད་ནུས་པའི་གློག་འདོན་ས་ཚིགས་ཀྱིས་ཀྲོ་བ་སྟོང་གཅིག་ཡན་ཆད་གསར་དུ་ལས་རྒྱུ་ཡིན་པས། མཚོ་སྔོན་ཞིང་ཆེན་ཡང་བསྐྱར་རྒྱལ་ནང་གི་ཉི་འོད་ནུས་པའི་གློག་འདོན་པའི་ཐད་ལ་མ་དངུལ་གཏོང་ས་གཙོ་བོར་འགྱུར་ངེས།  །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག