མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་བསྡུས་པ།

རྩོམ་པ་པོ། གཡང་འབུམ་རྒྱལ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-28 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ1པོའི་ཚེས27ཉིན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཀྲུའུ་ཞི་ཚོགས་པས་རྒྱུན་ལས་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

ཆང་ཝེ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས། ཅི་ཏེ་མ་ཅ་དང་རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ལིན་ཅོན། ཝང་ཞའོ་ཆིན། སུའུ་ཉིན། བུའུ་དབྱི་ཏི། མའོ་ཞའོ་པེན། བསྟན་ཁོ། མུའུ་ཏུང་ཧྲིན། ཧྲིན་ཧི། དབང་མོ། ཚའོ་བུན་ཧུའུ་བཅས་གྲོས་ཚོགས་སུ་ཞུགས།

གྲོས་ཚོགས་ཀྱི་གྲོས་རིམ་ལ་སྣ་ཁ་གསུམ་ཡོད་པ་སྟེ། གཅིག་ནི་ཚོགས་ཆེན་གྱི་གྲོས་གཞི་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཐེངས་འདིའི་ཚོགས་ཆེན་གྱི་འཐུས་མིས་བཏོན་པའི་གྲོས་གཞིར་ཞིབ་བཤེར་བྱེད་པའི་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ཉན་པ་དང་།

གཉིས་ནི་ཚོགས་ཆེན་གྱི་དྲུང་ཡིག་ཁྲུའུ་ཡིས་སྙན་ཞུ་སྣ་ཚོགས་བཟོ་བཅོས་བྱེད་པའི་གནས་ཚུལ་སྐོར་གྱི་གསལ་བྱེད་ལ་གྲོས་བསྡུར་བྱེད་པ།

གསུམ་ནི་སྙན་ཞུ་སྣ་ཚོགས་ཀྱི་ཆོད་དོན་འཆར་ཟིན་འདོན་པ་དང་དེར་བགྲོ་གྲོས་བསྡུརབྱེད་པ་བཅས་རེད།

གྲོས་ཚོགས་ནས་གོང་གི་གྲོས་རིམ་སྣ་ཚོགས་ལ་གྲོས་འཆམ་བྱུང་། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག