མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ཚོགས་ཆེན་གཉིས་སུ་ཞུགས་པའི་འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་མཚོ་སྔོན་གསར་བ་དང་འཚོ་བ་གསར་བའི་དམིགས་འབེན་མངོན་འགྱུར་བྱེད་པར་ཁྲིམས་འཛིན་གྱི་ཁོར་ཡུག་ཅིག་བསྐྲུན་དགོས་པའི་ཐད་ལ་གྲོས་བསྡུར་བྱས་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-28 10:29

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཚེས27ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་འཐུས་མི་དང་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་དང་པོར་ཞུགས་པའི་ཨུ་ཡོན་རྣམས་ཀྱིས“ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང”གཉིས་ཀྱི་བྱ་བའི་སྙན་ཞུར་དམིགས་ནས་གྲོས་ཞིབ་དང་གྲོས་བསྡུར་བྱས།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན་ཞུའུ་ཧྥུའུ་ཧྲོན་དང་། ལོ་ཡུས་ལིན། རྡོ་རྗེ་རབ་བརྟན། ཆི་ཡུས། ཝང་ལིན་ཅོན། སུའུ་ཉིན། བསྟན་ཁོ་སོགས་འཐུས་ཚབ་ཚོགས་པའི་ཚན་ཆུང་དུ་ཞུགས་ནས་གྲོས་ཞིབ་དང་གྲོས་བསྡུར་བྱས

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་བལྟས་ན། ཕྱིན་ཆད་ཀྱི་ལོ་ལྔའི་ནང་དུ“ཞིང་ཆེན་མི་དམངས་ཁྲིམས་ཁང་དང་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང”གཉིས་ཀྱིས་དཔལ་འབྱོར་བརྟན་བརླིང་དང་ཅུང་མགྱོགས་པོའི་སྒོ་ནས་འཕེལ་རྒྱས་སུ་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་ཡོང་བར་ཡར་སྐུལ་བྱེད་པ། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་འཛུགས་སྐྲུན་བྱ་བ་ཇེ་མགྱོགས་སུ་གཏོང་བའི་ཁྲོད་དུ་དགེ་མཚན་ལྡན་པའི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱེད་དགོས། ཞིང་ཆེན་མི་དམངས་ཁྲིམས་ཁང་གིས་འགན་ནུས་ཀྱི་ནུས་པ་གང་ལེགས་སྒོས་འདོན་སྤེལ་བྱས་ནས། སྔར་ལས་གྱོད་གཞིའི་རྒྱུ་སྤུས་ཇེ་བཟང་དུ་གཏོང་དགོས་པ་དང་། ཁྲིམས་འཛིན་འདྲི་གཅོད་བྱ་བ་ཐག་གཅོད་པའི་ཡིད་ཆེས་ཇེ་བརྟན་དུ་བཏང་ནས། དཔུང་སྡེ་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དགོས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ཡོངས་ཀྱི་བྱ་བའི་ཆེ་ཕྱོགས་དཀྱིལ་སྙིང་དུ་བརྩིས་ནས། སྔར་ལས་དཔལ་འབྱོར་སྤྱི་ཚོགས་བྱ་བ་འགན་སྲུང་དང་རྒྱུན་སྲིང་དང་སྐྱོན་བྲལ་བའི་ངང་འཕེལ་རྒྱས་སུ་གཏོང་དགོས་པ་དང་། གོ་གནས་ལ་བརྟེན་ནས་ནག་ཉེས་བཟོ་བར་ཞིབ་བཤེར་ནན་མོ་བྱེད་པ་དང་སྔོན་འགོག་བྱེད་པ། ཁྲིམས་ལྟར་ཚད་གཞི་ཅན་གྱི་འཛུགས་སྐྲུན་ཆུ་ཚད་ཇེ་མཐོར་བཏང་ནས། གཞི་རིམ་གྱི་ཞིབ་དཔྱོད་བྱ་བ་དང་དཔུང་སྡེ་འཛུགས་སྐྲུན་བྱ་བར་ཤུགས་སྣོན་དགོས་སྙམ།

འཐུས་མི་དང་ཨུ་ཡོན་རྣམས་ཀྱིས་གྲོས་གཞི་བཏོན་ནས་ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱིས་མུ་མཐུད་དུ་རུལ་སུངས་ལ་ངོ་རྒོལ་བྱེད་ཤུགས་ཇེ་དྲག་ཏུ་གཏོང་དགོས་པ་དང་། མེས་རྒྱལ་ཁ་བྲལ་དུ་གཏོང་བ་དང་། སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཐད་ལ་གཏོར་བརླག་གཏོང་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱེད་དགོས། གནས་ལུགས་ཡོད་པའི་མིས་གཏུག་བཤེར་ལ་རྒྱལ་ཁ་ལེན་དགོས་པ་དང་། དཀའ་ཁག་མང་ཚོགས་ལ་ཞུ་གཏུག་བྱེད་ཐུབ་པ་བཅས་བྱས་ནས། གཞི་རིམ་གྱི་ཞབས་ཕྱི་བྱ་བ་དང་། མི་དམངས་མང་ཚོགས་ལ་ཞབས་ཕྱི་སྒྲུབ་པའི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་པ་དང་། རྒྱུན་ཆད་མེད་པར་དཔུང་སྡེ་འཛུགས་སྐྲུན་བྱ་བར་ཤུགས་བསྣན་ནས། ཁྲིམས་ཁང་དང་ཞིབ་དཔྱོད་ཁང་གཉིས་ཀྱི་བྱ་བར་གྲུབ་འབྲས་གསར་བ་ལེན་པར་འབད་བརྩོན་བྱས་ནས། “མཚོ་སྔོན་གསར་བ་དང་འཚོ་བ་གསར་བའི”དམིགས་འབེན་མངོན་འགྱུར་བྱེད་པར་སྔར་ལས་འཆམ་མཐུན་གྱི་ཁྲིམས་འཛིན་ཁོར་ཡུག་ཅིག་བསྐྲུན་དགོས་པར་འདོད། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག