མདུན་ཤོག- གསར་འགྱུར།- ཡུལ་གྲུའི་གསར་འགྱུར།- མཚོ་སྔོན།

ལོ་ལྔའི་ནང་དུ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིས་བཏོན་པའི་གྲོས་གཞི2280ལྷག་ཐག་བཅད་པ།

རྩོམ་པ་པོ། བདེ་སྐྱིད་འཚོ།  ཡོང་ཁུངས། མཚོ་སྔོན་བོད་སྐད་རླུང་འཕྲིན།  2013-01-27 11:19

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཚེས26ཉིན་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཉིས་པའི་གྲོས་ཚོགས་ཐེངས་དང་པོའི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་ནས་རྒྱུས་ལོན་བྱུང་བ་ལྟར་ན། ལོ་ལྔའི་ནང་དུ་མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཐུས་མིས་བཏོན་པའི་གྲོས་གཞི2280ལྷག་ཐག་བཅད་དེ། འཐུས་མིས་རྒྱལ་ཁབ་དང་སྤྱི་ཚོགས་ལས་དོན་ལ་དོ་དམ་བྱེད་པའི་ནུས་པ་གལ་ཆེན་སྔར་ལས་འདོན་སྤེལ་བྱས།

མཚམས་སྦྱོར་བྱས་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གྲོས་གཞི་གལ་ཆེན་ཐག་གཅོད་པར་ལྟ་སྐུལ་བྱེད་པའི་རྩ་དོན་ལྟར། ལོ་ལྔའི་རིང་ལ་བསྡོམས་པས་གྲོས་གཞི་གལ་ཆེན30ཐག་གཅོད་པར་ལྟ་ཞིབ་བྱས་པ་དང་། ཆེད་དོན་འཐུས་མིའི་ཚན་ཆུང་དྲུག་བཙུགས་ནས། བྱ་འགུལ30ལྷག་སྤེལ་བ་མ་ཟད། དུས་ཐོག་ཏུ་འཐུས་མིའི་བཅའ་ཁྲིམས་བྱེད་ཐབས་བཟོ་བཅོས་བྱས་ནས། ཆེད་དོན་འཐུས་མིའི་ཚན་ཆུང་གི་བྱ་འགུལ་ལམ་ལུགས་སོགས་གཏན་ལ་ཕབ་པའི་ཞོར་དུ། ད་རུང་མཚོ་སྔོན་དུ་ཡོད་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མིའི་འགན་འཁྲིའི་ཞབས་ཕྱིའི་བྱ་བ་བཟང་བོར་བསྒྲུབས་ནས། སློབ་སྦྱོང་གསོ་སྦྱོང་ཐེངས་བཅོ་བརྒྱད་རྩ་འཛུགས་བྱས་པ་དང་། ཆེད་དོན་རྟོག་ཞིབ་ཐེངས་བཅུ་སྤེལ། རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གཅིག་པའི་གྲོས་ཚོགས་ཐེངས་ལྔ་བའི་སྟེང་དུ། མཚོ་སྔོན་འཐུས་ཚབ་ཚོགས་པས་བཏོན་པའི་གྲོས་གཞིའི་ཁྲོད་ཀྱི་གྲོས་གཞི་གསུམ་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་གཏན་ལ་ཕབ་པའི2012ལོའི་ཐག་གཅོད་པར་ལྟ་ཞིབ་བྱེད་པའི་གྲོས་གཞི་གལ་ཆེན་དུ་གཏན་ལ་ཕབ་སྟེ། མཚོ་སྔོན་ཞིང་ཆེན་གྱི་འབྲེལ་ཡོད་འཛུགས་སྐྲུན་ལས་གཞི་གལ་ཆེན་ལག་བསྟར་བྱེད་པར་ཡར་སྐུལ་བྱས། །

པར་དབང་གསལ་བསྒྲགས།      ངེད་ཀྱི་སྐོར།      འབྲེལ་གཏུགས་བྱེད་ཚུལ།

གློག་འཕྲིན་ཡིག་སྒམ། tibet3@126.com    ཁ་པར། 0971-8455441

©2006-2013 China Tibetannet Corporation པར་དབང་ངེད་དྲ་བར་དབང་བས་ཆོག་མཆན་མ་ཐོབ་པར་གཞན་གྱིས་རང་དགར་སྤྱོད་མི་ཆོག